འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སའི་བོད་ལྗོངས་འཛིན་གྲྭ་ཡག་པོ་གཉེར་བར་ལས་འགན་ལྕི་ལ་ལམ་ཐག་རིང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་13ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        1984ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་སའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་དགེ་རྒན་གྱི་ལེགས་ཆ་སྤྱད་དེ་རྒྱལ་ཡོངས་སུ་ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ནས་བོད་རིགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུའི་གཏན་འཁེལ་བྱས་པ་རེད།
         ནང་སར་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་30ཡི་རིང་། རྒྱུན་གཏན་གྱི་ལམ་བུར་རིམ་བཞིན་བསྐྱོད་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཟབ་ཏུ་ཕྱིན་པ་དང་མི་སེམས་གཅིག་ཏུ་འགྲིལ་ཡོད་མོད། འོན་ཀྱང་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ཏེ་ནང་སའི་བོད་ལྗོངས་འཛིན་གྲྭ་མུ་མཐུད་ཡག་པོ་གཉེར་བར་སྨྱུག་འཛིན་པས་གཤམ་གྱི་ཕྱོགས་ཁག་ནས་དམ་འཛིན་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
         དང་ཐོག་སློབ་གཉེར་ལས་འགན་འཁུར་བའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་གཏོང་བ་དང་། ནང་སར་སློབ་གཉེར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། སྒྲིག་འཛུགས་དང་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་རྒྱག་པ། ལས་ཀའི་འགོ་ཁྲིད་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱས་ནས་སྒྲིག་འཛུགས་དང་འགོ་ཁྲིད་ལམ་ལུགས་དང་མཐུན་སྦྱོར་དོ་དམ་གྱི་ལམ་སྲོལ་ནུས་ལྡན་ཡོད་པ་བྱེད་དགོས། དུས་མཚུངས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་ལས་དོན་གྱི་ལྟ་སྐུལ་དང་སྐོར་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ་ནང་སའི་བོད་ལྗོངས་འཛིན་གྲྭ་གོ་རིམ་ལྡན་ལ་ནུས་ལྡན་ངང་གཉེར་ནས་སྔོན་དཔག་གི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།
         གཉིས་ནས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་སྔོན་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔོན་ལ་ཤུགས་སྣོན་རྒྱག་པ། སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་མཐའ་འཁྱོངས་ཀྱིས་མཐོ་རིམ་སློབ་འབྲིང་གི་དཔེ་སྟོན་རང་བཞིན་གྱི་སློབ་གྲྭ་འཛུགས་སྐྱོང་དང་དམའ་རིམ་སློབ་འབྲིང་གི་ཚད་གཞི་ཅན་གྱི་སློབ་གྲྭ་འཛུགས་སྐྱོང་ལས་དོན་དོན་འཁྱོལ་ནན་ཏན་བསྒྲུབས་ཏེ་ནང་སའི་བོད་ལྗོངས་འཛིན་གྲྭ་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། བོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་གཡུལ་སར་འགྱུར་བ་བྱེད་དགོས་པ་དང་། སློབ་མ་རྣམས་ཆབ་སྲིད་ལ་བློས་འགེལ་ཆོག་པ་དང་ནུས་པ་དང་ཡོན་ཏན་ངོ་མ་ལྡན་པའི་ཚད་ལྡན་གྱི་ཤེས་ལྡན་མི་སྣར་གསོ་སྐྱོང་བྱེད་དགོས།
         གསུམ་ནས་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གིས་གཏན་འབེབས་གནང་བའི་སློབ་གསོའི་ཁ་གཏད་རྒྱབ་སྐྱོར་གྱི་སྲིད་ཇུས་དང་བྱ་ཐབས་དོན་འཁྱོལ་ནན་ཏན་བྱས་ཏེ། རོགས་སྐྱོར་དང་ལེན་བྱེད་མཁན་སློབ་གྲྭའི་ཕྱོགས་བསྡུས་སློབ་གཉེར་དང་ཚན་ཞིབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ལེགས་སྐྱེས་གསར་པ་འབུལ་དགོས།  ༼ ཝང་ལི་ཡིས། ༽
      

    ཕྱོགས་བསྡུས་གསར་འགྱུར།