འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ལན་ཀྲན་དང་ཐའེ་དབན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་གདན་ཞུས་ལྟར་རི་འགོག་
    དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྨྱན་སྦྱོར་ལས་ཁུངས་ཀྱིས་གསར་འགྱུར་སྤེལ་ནས་ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་ལན་ཀྲན་པེ་ཅིང་དུ་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་ཡིན་པ་མ་ཟད། དེའི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་ཐུག་འཕྲད་གནང་རྒྱུ་རེད་ཅེས་བཀོད་པ་དེ་ར་འཕྲོད་གནང་རོགས་ཞེས་གསར་འགོད་པས་དྲི་བ་བཏོན་པར་དམིགས་ཏེ་ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་ཧྥན་ལི་ཆིང་གིས་ང་ཚོས་སྤུན་ཟླ་ཐའེ་དབན་བ་དྲན་གསོའི་བྱེད་སྒོར་ཞུགས་པར་ཕེབས་པར་ལྷག་བསམ་ཟོལ་མེད་ངང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         ཧྥན་ལི་ཆིང་གིས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་རེད་ལ། ཐའེ་དབན་མེས་རྒྱལ་དུ་བསྐྱར་གསོ་པང་དུ་ལོག་ནས་ལོ་70འཁོར་བའི་ལོ་ཞིག་ཀྱང་ཡིན་པས། སྐམ་ས་ཆེན་པོ་ཕྱོགས་ཀྱིས་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་གཟབ་རྒྱས་སྤེལ་རྒྱུ་རེད། ཤེས་རྟོགས་བྱུང་བར། ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་སྐུ་ཞབས་ལན་ཀྲན་དང་། རི་འགོག་དམག་འཁྲུག་གི་དམག་མི་རྙིང་པ་དང་ཁོང་ཚོའི་ཁྱིམ་མིའི་འཐུས་མི། སྐྱེས་ཁུངས་ཐའེ་དབན་ཞིང་ཆེན་ནས་ཡིན་པའི་རི་འགོག་དམག་འཁྲུག་གི་དཔའ་བོ་དང་ཁོང་ཚོའི་ཁྱིམ་མིའི་འཐུས་མི་བཅས་དང་། དེ་བཞིན་ཐའེ་དབན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མི་གདན་ཞུས་ལྟར་དྲན་གསོའི་བྱེད་སྒོར་ཞུགས་རྒྱུ་རེད། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་མི་རིགས་ཡོངས་ཀྱི་རྒྱལ་ཁ་ཡིན་པ་དང་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱིས་དེའི་ཆེད་བློས་གཏོང་ཆེན་པོ་བྱས་ཡོད། ང་ཚོས་ངོགས་གཉིས་ཀྱི་སྤུན་ཟླ་ཚོས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་དྲན་གསོ་ཞུས་པ་བརྒྱུད་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ། རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་སྐུལ་འདེད་གཏོང་ཕྱིར་ཐུན་མོང་ཐོག་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།