འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི“‘སྤྱོད་ཚུལ་བཞིར’ངོ་རྒོལ་བྱེད་པར་མནན་
    ཐེངས་གཅིག་གིས་འཐུས་པར”ཉིན་རེར་ཆ་སྙོམས་
    ཐེར་འདོན་གོང་ཞུ་300འབྱོར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་02ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་བཤེར་པུའི་དྲ་ཚིགས“‘སྤྱོད་ཚུལ་བཞིར’ངོ་རྒོལ་བྱེད་པར་མནན་ཐེངས་གཅིག་གིས་འཐུས་པ”ཞེས་པ་ཟླ་6ཚེས་18ཉིན་ཤར་གཏོང་བྱས་ནས་ཟླ་8ཚེས་27ཉིན་བར་མང་ཚོགས་ཀྱི་ཐེར་འདོན་གོང་ཞུ་21246འབྱོར་ནས་ཉིན་རེར་ཆ་སྙོམས་ཐེར་འདོན་གོང་ཞུ་འབྱོར་ཚད་299ཟིན་ཡོད།
         “སྤྱོད་ཚུལ་བཞི”ཡོ་བསྲང་གི་སྟོབས་ཤུགས་ཆེན་པོ་ཡིན་པའི་མི་དམངས་མང་ཚོགས་སྐུལ་སློང་ནུས་ལྡན་བྱ་ཆེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་བཤེར་པུས“དྲ་སྦྲེལ་རྒྱས་པའི”བསམ་ཕྱོགས་དཔྱད་གཞིར་འཛིན་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་གོང་གི་ཟླ་6ཚེས་18ཉིན་གཞུང་ཕྱོགས་དྲ་ཚིགས་ཀྱི་ལག་ཐོགས་ཁ་པར་དུད་སྣེའི་ཐོག“‘སྤྱོད་ཚུལ་བཞིར’ངོ་རྒོལ་བྱེད་པར་མནན་ཐེངས་གཅིག་གིས་འཐུས་པ”ཞེས་པའི་ཐེར་འདོན་གོང་ཞུའི་སྐར་ཁུང་བཏོད་དེ་མང་ཚོགས་ཀྱིས་ལག་ཐོགས་ཁ་པར་བརྒྱུད་དེ་པར་དང་། བརྙན་ལམ། ཡི་གེའི་གསལ་བཤད་བཅས་ཀྱི་ཐོག་ནས་ཉེ་འགྲམ་གྱི“སྤྱོད་ཚུལ་བཞིའི”གནད་དོན་ཐེར་འདོན་བྱ་རྒྱུའི་སྐུལ་མ་བཏང་ཡོད།
         “ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁ་པར་སྤྱོད་མཁན་ཁྲི་100ལྷག་ཙམ་གྱིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་ལྟ་བཤེར་པུའི་གཞུང་ཕྱོགས་དྲ་བའི་ལག་ཐོགས་ཁ་པར་དུད་སྣེ་ཕབ་ལེན་བྱས་ཡོད་པ་དེ་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་པ་ཁྲི་ཕྲག་མང་པོ་མང་དུ་ཕྱིན་པ་དང་གཉིས་སུ་མེད”ཅེས་འགན་འཁུར་བས་གསར་འགོད་པར། “མནན་ཐེངས་གཅིག་གིས་འཐུས་པ”ཞེས་པ་དེས་མང་ཚོགས་ཀྱི“སྤྱོད་ཚུལ་བཞིའི”གནད་དོན་ལྟ་སྐུལ་བྱེད་པའི་ཧུར་སེམས་སྐོང་འཐེན་བྱས་སྟབས་ཁང་དེར་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གོང་ཞུ་བྱེད་ཚད་ཆེས་ཆེར་མང་དུ་ཕྱིན་ཡོད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།