འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ་ཡིས་ལྷོ་ཁོ་རེ་ཡའི་སྔོན་གཤེགས་
    དཔའ་བོའི་རྡོ་རིང་གི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ་ཤེད་སྦྱངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ་ཡིས་ལྷོ་ཁོ་རེ་ཡའི་སྔོན་གཤེགས་
དཔའ་བོའི་རྡོ་རིང་གི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ་ཤེད་སྦྱངས་པ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་2015ལོའི་ཟླ་8ཚེས་12ཉིན་ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བ་ལྟར་ན། “2015ལོའི་ཨེ་ཤེ་ཡ་ཤར་མའི་ཞི་བདེའི་རྒྱལ་སྤྱི་གྲོས་ཚོགས”ལ་ཞུགས་ཆེད་ལྷོ་ཁོ་རེ་ཡར་འཚམས་འདྲི་ཞུ་བཞིན་པའི་རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ་ཡིས་པི་རིན་བཙན་རྒྱལ་རིང་ལུགས་ཀྱི་དུས་འཇུག་ཏུ་ལྷོ་ཁོ་རེ་ཡའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲག་གནོན་དམར་གསོད་བྱས་པའི་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་དུས་སྔོན་གཤེགས་དཔའ་བོའི་བང་སོའི་རྡོ་རིང་གི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ་ཤེད་སྦྱངས་པ་རེད། ཁོང་གིས་རི་པིན་གྱིས་མི་སེར་སྤེལ་བའི་བཙན་འཛུལ་བྱས་པའི་ལོ་རྒྱུས་ཁས་ལེན་བྱ་དགོས་པ་དང་། ཁོང་གིས་ཟླ་འདིའི་ཚེས་14ཉིན་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་དམག་འཁྲུག་མཇུག་བསྒྲིལ་ནས་ལོ་70འཁོར་བའི་གཏམ་བཤད་ཀྱི་ནང་དུ་ལྷག་བསམ་རྣམ་དག་གིས་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།
    ༄༅།།རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ་ཡིས་ལྷོ་ཁོ་རེ་ཡའི་སྔོན་གཤེགས་
དཔའ་བོའི་རྡོ་རིང་གི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ་ཤེད་སྦྱངས་པ།
    ༄༅།།རི་པིན་གྱི་དབུ་བཞུགས་བློན་ཆེན་ཟུར་པ་ཅིའུ་ཧྲན་ཡིའུ་ཅི་ཧྥུའུ་ཡིས་ལྷོ་ཁོ་རེ་ཡའི་སྔོན་གཤེགས་
དཔའ་བོའི་རྡོ་རིང་གི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ་ཤེད་སྦྱངས་པ།
      

    ཕྱོགས་བསྡུས་གསར་འགྱུར།