འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་ཁྲེང་ཏུའུ་གྲོང་ཁྱེར་དུ་གནས་སྤོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་12ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་ཁྲེང་ཏུའུ་གྲོང་ཁྱེར་དུ་གནས་སྤོ་རྒྱུ་ཡིན་པ།
         ཟླ་8ཚེས་10ཉིན་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གནས་སྤོའི་འཛུགས་སྐྲུན་ལས་གཞི་དངོས་སུ་འགོ་བརྩམས་པ་རེད། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་ནི་1984ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གི་སྲིབ་ངོ་ཤང་དུ་བཙུགས་ཤིང་། བོད་བརྒྱུད་ནང་བསྟན་གྱི་ཆེད་སྦྱོང་སློབ་གླིང་ཞིག་ཡིན། 2009ལོར་བོད་བརྒྱུད་ནང་བསྟན་འཕེལ་རྒྱས་འགྲོ་བར་སྐུད་འདེད་གཏོང་ཆེད་སི་ཁྲོན་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་གནས་སྤོའི་འཛུགས་སྐྲུན་བྱས་ནས་སློབ་གླིང་དེ་ཉིད་སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ཆེས་མཐོའི་སློབ་གླིང་དུ་འཛུགས་སྐྲུན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། འཛུགས་སྐྲུན་གྱི་འཆར་འགོད་ལ་གཞིགས་ན། སློབ་གླིང་གསར་པ་དེས་ས་ཆ་རྒྱ་ཁྱོན་མུའུ་116ལྷག་ཙམ་བཟུང་ཡོད་པ་དང་། 2016ལོར་ལས་དུས་དང་པོའི་ཨར་ལས་ལེགས་གྲུབ་བྱས་ཏེ་སྤྱོད་འགོ་ཚུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།