འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྱང་ཐང“མི་མེད་ལུང་སྟོང”གི་འཕྲིན་སྐྱེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་10ཉིན། 15:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་བྱང་ཐང“མི་མེད་ལུང་སྟོང”གི་འཕྲིན་སྐྱེལ་བ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཉི་མ་རྫོང་ནི་མཚོ་བོད་མཐོ་སྒང་གི་ལྟེ་བར་གནས་ཤིང་། ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ཡན་ཡོད་པ་དང་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པས“མི་མེད་ལུང་སྟོང”དུ་འབོད། ལོ་26ལོན་པའི་དཔའ་མོ་ནི་ཉི་མ་རྫོང་གི་ཤང་བར་གྱི་འཕྲིན་སྐྱེལ་བ་ཞིག་ཡིན་ལ། 2006ལོ་ནས་བཟུང་ཁོ་མོས་ཚགས་པར་དང་འཕྲིན་ཡིག་སོགས་ཀྱིས་གང་ཡོད་པའི་སྦྲག་ཁུག་ཁུར་ནས་རྩྭ་ཐང་སྟེང་གི་སྲིད་འཛིན་གྲོང་ཚོ་7གྱི་བར་དུ་འགྲོ་འོང་བྱེད་ཀྱི་ཡོད་པ་རེད། ཉི་མ་རྫོང་ཁོངས་ཀྱི་ཐག་རིང་ཤོས་ཀྱི་གྲོང་ཚོ་ནས་རྫོང་བར་ལ་སྤྱི་ལེ་བརྒྱ་ལྷག་ཡོད་པ་དང་། གྲོང་ཚོའི་ནང་གི་དུད་ཚང་སོ་སོའི་བར་དུ་ཡང་སྤྱི་ལེ་བཅུ་ཕྲག་ཁ་ཤས་ཡོད། དཔའ་མོའི་ལམ་གྲོ་ལ་རྩམ་པ་ཁུག་མ་གཅིག་དང་མར་ཆ་ཤས། བཏུང་ཆུ་དམ་བུ་གང་ལས་མེད་དེ། ལམ་ལ་ཆས་ཚེ་འབའ་འབུར་ཁོད་མི་སྙོམས་པའི་ས་ལམ་དུ་ཉིན་གཅིག་འགྲོ་དགོས་པ་མ་ཟད། སྐབས་རེར་ད་དུང་རི་ལུང་དུ་ཞག་སྡོད་ཀྱང་བྱེད་དགོས། འོན་ཀྱང་ལོ་མང་པོའི་རིང་ལ་ཁོ་མོས་འཕྲུལ་རྟ་དང་རྐང་པ་གཉིས་ལ་བརྟེན་ནས་ཉི་མ་རྫོང་གི་རི་ལུང་ཐམས་ཅད་དུ་བསྐྱོད་དེ་གྲོང་ཚོ་ཡོད་དོ་ཅོག་གི་འབྲོག་པ་མང་ཚོགས་རྣམས་ཀྱིས་རེ་སྒུག་བྱེད་བཞིན་པའི་འཕྲིན་ཡིག་སྐྱེལ་བ་རེད།
    【1】  【2】  【3】  【4】  【5】
    ༄༅།།བོད་ལྗོངས་བྱང་ཐང“མི་མེད་ལུང་སྟོང”གི་འཕྲིན་སྐྱེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།