འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱིར་སྡོད་རང་མིས་བོད་རིགས་འབྲོག་པར་གཅེས་སེམས་བསྩལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 09:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཕྱིར་སྡོད་རང་མིས་བོད་རིགས་འབྲོག་པར་གཅེས་སེམས་བསྩལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་པའི“ཕྱིར་སྡོད་རང་མིའི་བརྩེ་བའི་འདུ་འགོད—བོད་རིགས་འབྲོག་པར་འཚོ་བ་གསར་པའི་འོད་སྣང་སྦྱིན”ཞེས་པའི་བོད་ལྗོངས་རྣམ་གྲངས་ལྷ་ས་གྲོང་ཁྱེར་དུ་སྒྲུབ་འགོ་ཚུགས་པ་རེད། 
         “ཕྱིར་སྡོད་རང་མིའི་བརྩེ་བའི་འདུ་འགོད—བོད་རིགས་འབྲོག་པར་འཚོ་བ་གསར་པའི་འོད་སྣང་སྦྱིན”ཞེས་པའི་བོད་ལྗོངས་རྣམ་གྲངས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་ལས་དོན་གཞུང་དོན་ཁང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱིར་སྡོད་རང་མིའི་ལེགས་ཆ་འདོན་སྤེལ་དང་། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བས་བོད་ཀྱི་འབྲོག་པའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་དོ་ཁུར་དང་རྒྱབ་སྐྱོར་བྱ་རྒྱུར་ཁྲིད་སྟོན་དང་གཞོགས་འདེགས་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཆེད་ལག་ལེན་བསྟར་བའི“ཕྱིར་སྡོད་རང་མིའི་བརྩེ་བའི་འདུ་འགོད”ཀྱི་རྣམ་གྲངས་ཤིག་ཡིན་པ་རེད།
    ༄༅།།ཕྱིར་སྡོད་རང་མིས་བོད་རིགས་འབྲོག་པར་གཅེས་སེམས་བསྩལ་བ།
      

    ཕྱོགས་བསྡུས་གསར་འགྱུར།