འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་གྱི་ཉིན་གཉིས་པར་བོད་ལྗོངས་ཀྱི་འཐུས་མི་
    ཚོགས་པར་བྱ་དགའ་ཨང་དང་པོ་ཐོག་མ་དེ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་11ཉིན་ནི་རང་ལྗོངས་ཀྱི་འཐུས་མི་ཚོགས་པ་སྐབས་བཅུ་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་འགྲན་བསྡུར་ཉིན་མོ་གཉིས་པ་ཡིན་པ་དང་། རང་ལྗོངས་ཀྱི་ལུས་རྩལ་པ་ཡན་ཞའོ་ལེར་འགྲན་ར་ཡོངས་ཀྱི་སྐར་གྲངས་མཐོ་ཤོས་ཐོག་ནས་བུད་མེད་དྲག་རྩལ་མཚོན་ཆའིBརིགས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། དེ་ནི་རང་ལྗོངས་ཀྱི་དྲག་རྩལ་འཐུས་མི་ཚོགས་པ་མི་རིགས་ལུས་རྩལ་འགྲན་ཚོགས་རྩལ་འགྲན་རྣམ་གྲངས་ནང་ཞུགས་ཐེངས་དང་པོ་ཡིན་པ་མ་ཟད། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཐོག་རང་ལྗོངས་ཀྱི་འཐུས་མི་ཚོགས་པར་ཐོབ་པའི་བྱ་དགའ་ཨང་དང་པོ་ཐོག་མ་དེ་རེད།
         འགྲན་བསྡུར་བྱེད་རིང་། འགྲན་རར་སྐྱོད་སྐབས་མཇུག་ནས་བརྩིས་པའི་ཨང་གཉིས་པ་ཡིན་པའི་འདེམས་ཐོན་པ་ཡན་ཞའོ་ལེས་དུས་ཚོད་སྐར་མ་གཅིག་དང་སྐར་ཆ་20ཡི་ནང་ལྷོ་གྲི་ལེགས་པར་འཕྱར་བ་དང་འབྲེལ་མི་རྣམས་དངངས་སྐྲག་སྐྱེ་བའི་ང་རོ་བསྒྲགས་ཤིང་། ཁོང་ལ་གྲི་རྩལ་རྩེར་སོན་པ་ཞིག་ཡོད་སྟབས་དེ་གར་ཡོད་པའི་ལྟད་མོ་བའི་དགའ་འབོད་ཡང་ཡང་ཐོབ་ཅིང་། མཐར་ཡན་ཞའོ་ལེས་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་དེ་བྱིངས་11ལས་རྣམ་པར་རྒྱལ་བ་དང་སྐར་གྲངས་མཐོ་ཤོས་སྐར་མ་9.17གྱི་སྒོ་ནས་རིམ་པ་དང་པོའི་བྱ་དགའ་བླངས་ཡོད། འགྲན་བསྡུར་མཇུག་འགྲིལ་རྗེས་ཡན་ཞའོ་ལེས་གསར་འགོད་པར“འགྲན་བསྡུར་བྱེད་རིང་གནོན་ཤུགས་གང་ཡང་མ་བྱུང་། བོད་ཀྱི་འཐུས་མི་ཚོགས་པར་བྱ་དགའ་ཨང་དང་པོ་ཐོབ་པར་སྤོབས་པ་སྐྱེས་ལ་སེམས་འགུལ་ཡང་ཚད་མེད་ཐེབས་བྱུང”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།