འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སུ་བསླངས་གཟུགས་འགྲིམ་འགྲུལ་རིམ་བཞིན་ཆགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་12ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་སུ་བསླངས་གཟུགས་འགྲིམ་འགྲུལ་རིམ་བཞིན་ཆགས་པ།
         མི་དམངས་དྲ་བའི་འཕྲིན། བཅིངས་འགྲོལ་མ་བྱས་པའི་སྔོན་དུ། བོད་ལྗོངས་ན་གཞུང་ལམ་གཅིག་ཀྱང་མེད་པ་རེད། བཅིངས་འགྲོལ་རྗེས་ཀྱི་ལོ་50རིང་ལ་འཛུགས་སྐྲུན་བྱས་པ་བརྒྱུད་བོད་ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་7.5ཟིན་ནས་ལྷ་ས་ལྟེ་བ་དང“གཞུང་གསུམ་དང་། འཕྲེད་གཉིས། བགྲོད་ལམ་དྲུག”གིས་སྒྲོམ་གཞི་བྱས་པའི་གཞུང་ལམ་འགྲིམ་འགྲུལ་དྲ་བ་རིམ་གྱིས་ཆགས་ཡོད་དེ། ཤར་དུ་སི་ཁྲོན་དང་ཡུན་ནན་གཉིས་དང་། ནུབ་ཏུ་ཤིན་ཅང་། བྱང་དུ་མཚོ་སྔོན། ལྷོ་རུ་རྒྱ་གར་དང་བལ་ཡུལ་གཉིས་བཅས་དང་འབྲེལ་བ་དང་། ས་ཁུལ་དང་གྲོང་ཁྱེར་དབར་ཤར་གཏོང་ཐུབ་པ། རྫོང་དང་ཤང་དབར་སྦྲེལ་ཐུབ་པ་བཅས་བྱུང་ཡོད། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བོད་ལྗོངས་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་རྩ་བ་ནས་བསྒྲིལ་བ་མ་ཟད་ད་དུང་ལྕགས་ལམ་དེའི་རྒྱུན་བོད་ལྗོངས་ཀྱི་དབུས་དཀྱིལ་དུ་སྲིངས་ཡོད། ལོ་50རིང་བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་གྱིས་རིམ་རྩིས་བྱས་ན་གནམ་གྲུ་བདེ་འཇགས་ངང་འབབ་འཕུར་ཐེངས་ཁྲི་20.6བྱེད་རྒྱུའི་འགན་ལེན་བྱས་ནས་འགྲུལ་པ་སྐྱེལ་འདྲེན་བྱས་ཚད་མི་ཐེངས་ཁྲི་2471.64དང་སྦྲག་དངོས་སྐྱེལ་འདྲེན་བྱས་ཚད་ཏུན་ཁྲི་32.99ཟིན་ཡོད། མིག་སྔར་མཁའ་ལམ་58བཏོད་དེ་ཧྲང་ཧའེ་དང་ཁྲེང་ཏུའུ་སོགས་གྲོང་ཁྱེར་38ལ་ཤར་གཏོང་ཐུབ་ཀྱི་ཡོད། བོད་ལྗོངས་སུ་བསླངས་གཟུགས་འགྲིམ་འགྲུལ་ཆགས་རྐྱེན་འཛམ་གླིང་གི་སྒལ་ཚིགས་དེ་འཛམ་གླིང་ཡོངས་དང་སྦྲེལ་ཐུབ་པ་བྱུང་ནས་བོད་རིགས་མི་དམངས་ཀྱི་སྐྱོད་ཁོངས་ཀྱང་ཇེ་ཆེར་ཕྱིན་པ་དང་ཆབས་ཅིག་སྒོ་དབྱེའི་བོད་ལྗོངས་ཀྱིས་ཕྱོགས་བཞིའི་སྐུ་མགྲོན་བསུ་གི་ཡོད།
    ༄༅།།བོད་རང་སྐྱོང་ལྗོངས་སུ་བསླངས་གཟུགས་འགྲིམ་འགྲུལ་རིམ་བཞིན་ཆགས་པ།
    ༄༅།།བོད་རང་སྐྱོང་ལྗོངས་སུ་བསླངས་གཟུགས་འགྲིམ་འགྲུལ་རིམ་བཞིན་ཆགས་པ།
      

    ཕྱོགས་བསྡུས་གསར་འགྱུར།