འཚོལ་བཤེར།   
藏文频道
2015ལོའི་ཟླ་8ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལ་ནེ་པ་ལའི་“4•25”ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་རྗེས་
    ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 08ཚེས་13ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ལ་ནེ་པ་ལའི་“4•25”ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་རྗེས་
ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།
         མི་དམངས་དྲ་བའི་འཕྲིན། ནེ་པ་ལར"4•25"ས་ཡོམ་བྱུང་བ་ལས་བོད་ལྗོངས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཤིང་། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་འཕྲལ་མ་ཉིད་དུ་ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ཟླ་4ཚེས་30ཉིན་ལ་འགྲམ་གྲོང་རྡལ་གྱི་གནོད་ཐེབས་མང་ཚོགས་ཁག་དང་པོ་དེར་གནས་སྤོ་བྱས་པ་རེད།  མིག་སྔར་བཀོད་སྒྲིག་བྱ་ཡུལ་དུ་དུད་ཁྱིམ་500ལྷག་ཙམ་གྱི་མི་གྲངས་2000ལྷག་ཡོད་པ་རེད།  
         ཉེ་ཆར་གསར་འགོད་པས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་བཟོ་ལས་གླིང་གི་གནོད་ཐེབས་མང་ཚོགས་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་འཚམས་འདྲི་ཞུ་བར་ཕྱིན་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན།  གཞིས་ཀ་རྩེའི་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱིས་ས་ཆ་མུའུ་1000ལྷག་བཟུང་ཡོད་པ་དང་། ད་ལྟ་གུར་1243ཡོད། མིག་སྔར་འགྲམ་གྲོང་རྡལ་གྱི་གནོད་ཐེབས་མང་ཚོགས་ཚང་མ་བཀོད་སྒྲིག་འོས་འཚམས་བྱས་ཡོད་ཅིང་། བཀོད་སྒྲིག་སྡོད་ཁང་ཆ་ཚང་བ་780ཡི་ལས་གྲྭ་གཙོ་བོའི་ཨར་ལས་ལེགས་འགྲུབ་བྱས་པས། གནོད་ཐེབས་མང་ཚོགས་རྣམས་ད་ལོའི་ཟླ་བ་9པའི་ཟླ་འཇུག་ནས་ཟླ་བ་10པའི་ཟླ་སྟོད་དུ་གནས་སྤོ་བྱེད་རྒྱུ་རེད། 
    ༄༅།།བོད་ལྗོངས་ལ་ནེ་པ་ལའི་“4•25”ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེན་ཐེབས་རྗེས་
ས་ཡོམ་གནོད་ཐེབས་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་མཐོང་ཐོས།
      

    ཕྱོགས་བསྡུས་གསར་འགྱུར།