འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གདམ་སྒྲུག་བྱས་ནས་པེ་ཅིང་དུ་གཤགས་
    བཅོས་བྱེད་པར་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་རྔ་པས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གདམ་སྒྲུག་བྱས་ནས་པེ་ཅིང་དུ་གཤགས་
བཅོས་བྱེད་པར་བཏང་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར“ཀྲུང་གོའི་གཅེས་སེམས་མཉམ་གཏོད་ཀྱི་རྔ་པའི་བྱ་སྤྱོད”ཀྱི་སྨན་དོན་མི་སྣ་དང་དང་བླངས་པས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་གདོང་སྣེ་ཤང་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད། པེ་ཅིང་བྱིས་པའི་སྨན་ཁང་ནས་ཡིན་པའི་རིགས་གཅིག་མཁས་ཅན་གྱིས་ལྷན་སྐྱེས་སྙིང་ནད་ཕོག་པར་དོགས་པའི་བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་བརྟག་དཔྱད་བྱས་རྗེས་ལྷན་སྐྱེས་སྙིང་ནད་ཕོག་མཁན་3ཐོན་པ་དང་། དེ་དག་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་བརྟག་དཔྱད་གཏན་འཁེལ་བྱས་རྗེས“ཀྲུང་གོའི་གཅེས་སེམས་མཉམ་གཏོད་ཀྱི་ཐེབས་རྩས”མ་དངུལ་བཏང་ནས་པེ་ཅིང་དུ་རིན་མེད་གཤགས་བཅོས་བྱེད་པར་གཏོང་རྒྱུ་ཡིན་པ་རེད།
    ༄༅།།སི་ཁྲོན་རྔ་པས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གདམ་སྒྲུག་བྱས་ནས་པེ་ཅིང་དུ་གཤགས་
བཅོས་བྱེད་པར་བཏང་བ།
      

    ཕྱོགས་བསྡུས་གསར་འགྱུར།