འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་སུའུ་ཡིས་འདི་ལོ་ཤང་དང་ཁོའོ་རིམ་པ་མན་ཆད་ཀྱི་ཏང་ཡོན་དང་ལས་བྱེད་པ་ཆིག་
    སྟོང་ལྷག་ཙམ་ལ་ཆད་པ་བཅད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 16:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ནས་ཤེས་རྟོགས་བྱས་པར། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི“སྤྱོད་ཚུལ་བཞི”དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཀན་སུའུ་ཡིས་ཕྱོགས་7ནས་གཙོ་གནད་ཞིབ་བཤེར་ཐག་གཅོད་བྱས་ནས་འདི་ལོ་ཤང་དང་ཁོའོ་རིམ་པ་མན་ཆད་ཀྱི་ཏང་ཡོན་དང་ལས་བྱེད་པ་1332ལ་ཆད་པ་བཅད་པ་རེད།
         ཀན་སུའུ་ཞིང་ཆེན་སྒྲིག་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དབྱང་ཀྲེ་ཧུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་ཞིང་ཆེན་ཡོངས་ཀྱིས་ཤང་དང་ཁོའོ་རིམ་པ་མན་ཆད་ཀྱི་ཏང་ཡོན་དང་ལས་བྱེད་པའི་གནད་དོན་གྱི་ཁུངས་སྣེ་3392ལ་ཐོག་མའི་ཞིབ་བསྡུར་བྱས་པ་དེ་དུས་མཚུངས་ལས་84.7%འཕར་བ་དང་། གྱོད་དོན་ཐོ་འགོད་1181བྱས་པ་དེ་དུས་མཚུངས་ལས་61.3%འཕར་བ། མི་1332ལ་ཆད་པ་བཅད་པ་དེ་དུས་མཚུངས་ལས་18%འཕར་བ་ཡོད་པ་རེད། མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཤང་དང་ཁོའོ་རིམ་པ་མན་ཆད་ཀྱི་ཏང་ཡོན་ལས་བྱེད་པའི“སྤྱོད་ཚུལ་བཞི”དང་རུལ་སུངས་གནད་དོན་གྱི་ཁུངས་སྣེ་2750གསེད་བཀྲོལ་བྱས་ཏེ་ཁག་དང་པོར་གནད་དོན་གཙོ་བོ་89གཏན་འཁེལ་བྱས་པ་དེ་དག་ཞིང་ཆེན་སྒྲིག་ཨུད་ཀྱིས་སྒྲུབ་སྐུལ་བྱས་པ་དང་། གྲོང་ཁྱེར་དང་ཀྲོའུ་སྒྲིག་ཨུད་ཀྱིས་སྣེ་ཁྲིད་དེ་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ཐད་ཀར་ཞིབ་བཤེར་ཐག་གཅོད་བྱས་པ་ཞིག་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ཀན་སུའུ་ཡིས་གནད་དོན་ཁག་7ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པ་དེ་དག་ནི་དབུལ་སྐྱོར་མ་དངུལ་དོ་དམ་བེད་སྤྱོད་ཐད་ལྐོག་ཟ་སྒེར་སྤྱོད་བྱས་པ་སོགས་ཀྱི་གནད་དོན་དང་། ས་ཞིང་བསྡུ་སྤྱོད་དང་གཞན་སྒྱུར་ཐད་ཁ་གསབ་མ་དངུལ་དང་ས་ཞིང་ཤོར་བའི་ཞིང་པའི་འགན་བཅོལ་སོགས་ལྐོག་ཟ་སྒེར་སྤྱོད་བྱེད་པ་སོགས་ཀྱི་གནད་དོན། དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཐད་བཟའ་འཁྱེར་བཀག་ལེན་དང་། འཕྲི་འཐེན་གནོད་སྐྱེལ། ལྐོག་རྔན་ཟ་ལེན། དགའ་ཉེ་སྤུན་མཆེད་ལ་སེམས་ཁུར་བྱེད་པ་སོགས་ཀྱི་གནད་དོན། སློབ་གསོ་སྨན་བཅོས་ཐད་གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དབང་ཆར་བརྟེན་ནས་སྒེར་ཕན་སྒྲུབ་པ། མ་དངུལ་འཕྲི་འཐེན་བྱེད་པ། ལྐོག་ཟ་སྒེར་སྤྱོད་བྱེད་པ། དངུལ་རྔན་ལེན་པ། བར་ཁེ་ཟ་བ་སོགས་ཀྱི་གནད་དོན། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་། འགན་ལེན་སྡོད་ཁང་འཛུགས་སྐྲུན། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་དང་སྡོད་ཁང་རྙིང་པ་སྒྱུར་བཀོད་སོགས་ཀྱི་མ་དངུལ་འཕྲི་འཐེན་དང་། སྒེར་སྤྱོད། ཧམ་ཟ་སོགས་ཀྱི་གནད་དོན། གྲོང་གསེབ་ཀྱི“མ་དངུལ་ཁག་གསུམ”དོ་དམ་ཐད་མཉམ་སྡེབ་ཀྱི་ཁེ་བཟང་ཧམ་བཟུང་དང་། ལྐོག་བགོས་དང་གང་བྱུང་དུ་སྤྲོད་པ། སྤྱི་གནོད་སྒེར་ཕན། མཉམ་སྡེབ་ཀྱི་མ་དངུལ་ཡོངས་ཁུངས་མེད་པར་བཟོ་བ་སོགས་ཀྱི་གནད་དོན། “སྤྱོད་ཚུལ་བཞིའི”ཐད་རང་འདོད་རང་བསམ་ཁོ་ན་བྱེད་པ་དང་སྒྲིག་ཁྲིམས་ལས་འགལ་བ་སོགས་ཀྱི་གནད་དོན་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།