འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མ་ཏེ་རི་གྲོང་ཁྱེར་དུ་འཆད་ཁྲིད་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མ་ཏེ་རི་གྲོང་ཁྱེར་དུ་འཆད་ཁྲིད་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་17ཉིན་སི་ཕེན་རྒྱལ་ཁབ་ཀྱི་རྒྱལ་ས་མ་ཏེ་རི་གྲོང་ཁྱེར་དུ་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པའི་ཚོགས་མི་དང་ཀྲུང་གོའི་སི་ཕེན་རྒྱལ་ཁབ་ལ་བཅའ་སྡོད་བྱེད་མཁན་གཞུང་ཚབ་ཆེན་མོ་ལུའི་ཧྥན་(གཡས་ཀྱི་གསུམ་པ)བཅས་ཀྱིས་སི་ཕེན་རྒྱལ་ཁབ་ཀྱི་གྲོས་ཁང་གོང་མའི་ཕྱི་དོན་ཨུ་ལྷན་གྱི་ཀྲུའུ་ཞི་མུའུ་ཉི་ཨའོ་སི་ཨ་ལུང་སུའོ་(གཡོན་གྱི་གསུམ་པ)དང་གྲོས་ཁང་གོང་མའི་གྲོས་མི་་5དང་མཇལ་འཛོམས་གནང་བ་རེད། ཉིན་དེར་ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མ་ཏེ་རི་གྲོང་ཁྱེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཆད་ཁྲིད་སྤེལ་ཏེ་ས་གནས་དེ་གའི་རིག་གནས་ལས་རིགས་ཀྱི་མི་སྣ་དང་། རིག་མཛོད་ཀྱི་ཡོན་ཏན་པ། ཀྲུང་གོའི་གནད་དོན་གྱི་ཆེད་མཁས་པ། ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྱི་ཀྲུང་གོ་བ་སོགས་ལ་བོད་ལྗོངས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས་པ་མ་ཟད། འཆད་ཁྲིད་ཉན་མཁན་ཚོ་དང་ཕན་ཚུན་སྤེལ་རེས་ཁྱབ་རྒྱ་ཆེན་པོ་བྱས་པ་རེད།
    ༄༅།།ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མ་ཏེ་རི་གྲོང་ཁྱེར་དུ་འཆད་ཁྲིད་སྤེལ་བ།
    ༄༅།།ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མ་ཏེ་རི་གྲོང་ཁྱེར་དུ་འཆད་ཁྲིད་སྤེལ་བ།
    ༄༅།།ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མ་ཏེ་རི་གྲོང་ཁྱེར་དུ་འཆད་ཁྲིད་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།