འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སློབ་གྲྭ་99%རུ་སྐད་ཡིག་གཉིས་ཀྱི་སློབ་གསོ་ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་19ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་སློབ་གྲྭ་99%རུ་སྐད་ཡིག་གཉིས་ཀྱི་སློབ་གསོ་ལག་ལེན་བསྟར་བ།
         མི་དམངས་དྲ་བའི་འཕྲིན། ཉེ་ལམ་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་སྲ་བརྟན་དང་འཐུས་ཚང་དུ་བཏང་ནས་བོད་ཡིག་སློབ་ཁྲིད་གཙོ་བོར་བཟུང་བའི་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་མ་ལག་ཁྱབ་སྤེལ་ཤུགས་ཆེན་བཏང་ཡོད་པ་རེད། མིག་སྔར་ཞིང་འབྲོག་ཁུལ་ཡོངས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཆུང་ཁག་གཅིག་ཏུ་བོད་རྒྱ་སྐད་ཡིག་གཉིས་མཉམ་དུ་སློབ་ཁྲིད་བྱེད་པའི་ལམ་ལུགས་ལག་ལེན་བསྟར་ཡོད་པ་དང་། སློབ་ཚན་གཙོ་བོ་བོད་ཡིག་ནས་འཁྲིད་ཀྱི་ཡོད་པ་རེད། དེ་དང་ཆབས་ཅིག་སློབ་འབྲིང་དུས་མཚམས་སུའང་བོད་ཡིག་དང་རྒྱ་ཡིག་གཉིས་ནས་སློབ་ཁྲིད་བྱེད་པ་དང་འབྲེལ། ནང་སའི་བོད་ལྗོངས་འཛིན་གྲྭར་བོད་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད། ད་ཆ་བོད་ལྗོངས་ཀྱི་99%ལས་བརྒལ་བའི་སློབ་གྲྭར་སྐད་ཡིག་གཉིས་ཀྱི་སློབ་ཁྲིད་ལམ་ལུགས་ལག་ལེན་བསྟར་བཞིན་ཡོད་པ་དང་། 97%ལས་བརྒལ་བའི་སློབ་མས་སྐད་ཡིག་གཉིས་ཀྱི་སློབ་གསོ་དང་ལེན་བྱེད་བཞིན་ཡོད། སློབ་ཞུགས་གོང་ནས་སློབ་ཆེན་དུས་མཚམས་བར་གྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་གསོའི་མ་ལག་སྤྱིར་ན་བསྐྲུན་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།