འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལུས་རྩལ་པ་6240ཡིས་རྩལ་འགྲན་གྱི་རྣམ་གྲངས་17དང་འཁྲབ་སྟོན་གྱི་རྣམ་གྲངས་178
    ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལུས་རྩལ་པ་6240ཡིས་རྩལ་འགྲན་གྱི་རྣམ་གྲངས་17དང་འཁྲབ་སྟོན་གྱི་རྣམ་གྲངས་178
ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན་མི་དམངས་དྲ་བར་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ནས་འབྱོར་བའི་གློག་འཕྲིན་འབྱོར་གསལ། ཁ་སའི་ཕྱི་དྲོར་གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོགས་བྱས་པའི“རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པའི་གྲ་སྒྲིག་ལས་དོན་སྒྲུབ་ཚུལ་བརྡ་སྦྱོར་ཚོགས་འདུའི”ཐོག་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)31དང་། ཞིན་ཅང་གི་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། དེ་བཞིན་བཅིངས་འགྲོལ་དམག་གི་ལུས་རྩལ་འཐུས་ཚབ་ཚོགས་པ་དང་ཐའེ་ཝན་ལུས་རྩལ་འཐུས་ཚབ་ཚོགས་པ་བཅས་ནས་ཡོང་བའི་ལུས་རྩལ་པ་6240ཡིས་རྩལ་འགྲན་གྱི་རྣམ་གྲངས་17དང་འཁྲབ་སྟོན་གྱི་རྣམ་གྲངས་178ཀྱི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པས། སྐབས་འདིའི་གཞི་ཁྱོན་ཆེན་པོ་སྔར་བྱུང་མ་མྱོང་བ་རེད། དེས་མ་ཚད་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་སྔར་ལས་འཕེལ་རྒྱས་དང་དར་སྤེལ་གཏོང་ཆེད་ཐེངས་འདིའི་རྩལ་འགྲན་རྣམ་གྲངས་ཁྲོད་ཀྱི་ཐུན་མོང་ཅན་གྱི་རྣམ་གྲངས་དང་དེ་བཞིན་འཁྲབ་སྟོན་རྣམ་གྲངས་བསྡུར་ཚད་ངེས་ཅན་ཞིག་རྒྱ་རིགས་ལུས་རྩལ་པར་སྒོ་ཕྱེ་བས། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་གྲངས་ཉིང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཀྱི་ཁྱབ་ཁོངས་ལས་བརྒལ་ནས་ཀྲུང་གོའི་མི་རིགས་56ཐུན་མོང་གི“མི་རིགས་ལུས་རྩལ་འགྲན་ཚོགས”སུ་རིམ་འཕར་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།