འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཨུད་བཅུས་དྲ་སྦྲེལ་དངུལ་རྩའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་
    མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 16:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དྲ་སྦྲེལ་དངུལ་རྩའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྟ་འདོམས་འགན་འཁྲི་ཁ་གསལ་བཟོ་བ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་མི་དམངས་དངུལ་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་། ཀྲུང་གོ་དངུལ་ཁང་ལས་རིགས་ལྟ་འདོམས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་དངུལ་ལོར་ལྟ་འདོམས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་འགན་བཅོལ་ལྟ་འདོམས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་བཅས་ཀྱིས་ཚེས་18ཉིན《དྲ་སྦྲེལ་དངུལ་རྩའི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཁྱབ་བསྒྲགས་བྱས་པ་རེད།
         《མཛུབ་ཁྲིད་བསམ་འཆར》ནང“གསར་གཏོད་ལ་ལྕག་སྐུལ་དང་། ཉམས་ཉེན་ལ་དོགས་ཟོན། ཕན་གཉེར་གནོད་གཡོལ། སྐྱོན་བྲལ་འཕེལ་རྒྱས”བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་གསར་གཏོད་ལ་ལྕག་སྐུལ་དང་དྲ་སྦྲེལ་དངུལ་རྩ་བརྟན་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཅིང་། སྲིད་ཇུས་དང་བྱེད་ཐབས་དེ་དག་ལ་བརྟེན་ནས་དྲ་སྦྲེལ་དངུལ་རྩའི་སྟེགས་བུ་དང་། ཐོན་རྫས། ཞབས་ཞུ་བཅས་གསར་གཏོད་ལ་ལྕག་སྐུལ་ཧུར་ཐག་བྱ་རྒྱུ་དང་། ལས་ཞུགས་སྒྲིག་གཞིར་ཕན་ཚུན་མཉམ་ལས་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ། ལས་ཞུགས་སྒྲིག་གཞིའི་མ་རྩ་མཉམ་འདྲེས་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ། མུ་མཐུད་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱ་རྒྱུ། ནོར་ཁྲལ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཡིད་རྟོན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་རྟ་སྒ་ཆ་སྒྲིག་གི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།
         《མཛུབ་ཁྲིད་བསམ་འཆར》ནང“ཁྲིམས་ལྟར་དོ་དམ་དང་། འོས་ཤིང་འཚམ་པའི་སྒོ་ནས་ལྟ་འདོམས། རིགས་ཕྱེ་ནས་ལྟ་འདོམས། ཐུན་མོང་དུ་ལྟ་འདོམས། གསར་གཏོད་རྣམ་པའི་ཐོག་ནས་ལྟ་འདོམས”བཅས་བྱེད་དགོས་པ་རྩ་དོན་གཞིར་བཟུང་དྲ་སྦྲེལ་གཏོང་སྤྲོད་དང་། དྲ་རྒྱའི་དངུལ་བུན་གཏོང་ལེན། དྲ་སྦྲེལ་ཐེབས་རྩ་བྲིན་ཚོང་། དྲ་སྦྲེལ་འགན་བཅོལ། དྲ་སྦྲེལ་ཡིད་རྟོན་མངགས་བཅོལ་ལ་སོགས་དྲ་སྦྲེལ་དངུལ་རྩའི་ལས་སྒོ་སྤེལ་ཚུལ་གཙོ་བོར་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་ཁག་བགོས་བྱས་པ་དང་། ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་པ། ལས་སྒོའི་དབྱེ་མཚམས་ཁ་གསལ་བཅས་བཟོས་ཡོད་པ་རེད།
         《མཛུབ་ཁྲིད་བསམ་འཆར》ནང་མུ་མཐུད་ཁྲོམ་ར་ཕྱོགས་སྟོན་དུ་བྱས་ཏེ་དྲ་སྦྲེལ་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག གདོས་་བཅས་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་དང་བསྟུན་པ། དངུལ་རྩའི་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྤྱིའི་དམིགས་ཚད་ལ་བརྩི་སྲུང་ཞུས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་དང་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། དྲ་སྦྲེལ་ལས་རིགས་དོ་དམ་ཐད་ཚོང་འགྲུལ་མ་དངུལ་ཕྱོགས་གསུམ་པའི་གསོག་བཅོལ་དོ་དམ་ལམ་ལུགས་དང་། ཆ་འཕྲིན་ཁྱབ་བསྒྲགས། ཉེན་ཆ་གསལ་སྟོན་དང་ཚད་ལོན་མ་རྩ་འཇོག་མཁན་གྱི་ལམ་ལུགས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་། དྲ་རྒྱ་དང་ཆ་འཕྲིན་གྱི་བདེ་འཇགས། ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་དང་དངུལ་རྩའི་ཉེས་གསོག་འགོག་ཟོན། དྲ་སྦྲེལ་དངུལ་རྩའི་ལས་རིགས་ཀྱི་རང་གཅུན་ལ་ཤུགས་སྣོན། དེ་བཞིན་ལྟ་འདོམས་མཐུན་སྦྱོར། གཞི་གྲངས་བསྡོམས་རྩིས། ལྟ་ཞིབ་ཚད་ལེན་སོགས་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།