འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་སྒར་ས་ཆེ་མོ་སྟེ་ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་ས་ཆ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཇོ་མོ་གླང་མའི་སྒར་ས་ཆེ་མོ་སྟེ་ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་ས་ཆ།
         མི་དམངས་དྲ་བའི་འཕྲིན། ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནི་ཇོ་མོ་གླང་མའི་ལྟེ་བའི་ས་ཁོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཕྱིར་བཙུགས་པའི་སྲུང་སྐྱོང་ས་རྒྱུད་ཅིག་ཡིན་པ་དང་། དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཙམ་དུ་ཡོད་ལ། ཇོ་མོ་གླང་མའི་རི་རྩེའི་བར་གྱི་དྲག་ཐིག་གི་བར་ཐག་སྤྱི་ལེ་19ཙམ་ཡོད་པ་རེད། སྒར་ས་ཆེ་མོ་རུ་ཡུལ་སྐོར་བ་དང་རི་འཛེག་མཁན་ལ་མཁོ་འདོན་བྱེད་པའི་གུར་ཡོད་པ་མ་ཟད། མགྲོན་ཁང་དང་། ཇ་ཁང་། ཚོང་ཁང་བཅས་ཀྱང་ཡོད་ལ། ད་དུང་སྦྲག་ཁང་ཡང་ཡོད། སྒོ་ཁ་རུ་ཉི་ནུས་གློག་སྨན་ལེབ་མོ་ཡོད་པ་དེས་མཚོན་མོའི་འོད་སྣང་མཁོ་འདོན་བྱེད་ཀྱི་ཡོད། གནས་འདི་ནི་མི་དཀྱུས་མ་རྣམས་ཇོ་མོ་གླང་མའི་རི་རྩེ་དང་ཐག་ཉེ་ཤོས་སུ་སླེབས་ས་ཡིན་པ་མ་ཟད། ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་ས་ཆ་ཡང་ཡིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཇོ་མོ་གླང་མའི་སྒར་ས་ཆེ་མོ་སྟེ་ནམ་མཁའ་དང་ཐག་ཉེ་ཤོས་ཀྱི་ས་ཆ།
      

    ཕྱོགས་བསྡུས་གསར་འགྱུར།