འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མིའི་རིགས་ཀྱི་བརྟག་ཞིབ་ཡོ་བྱད་ཐེངས་དང་པོར་སྐར་མ་གཤིན་རྒྱལ་དང་བར་ཐག་ཉེ་
    པོ་ནས་འཕུར་སྐྱོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི“མཐོང་ལམ་གསར་པ”རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་ཨ་རིའི་ཤར་རྒྱུད་དུས་ཚོད་ཚེས་14ཉིན་གྱི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུ་(པེ་ཅིང་གི་དུས་ཚོད་ཆུ་ཚོད་བཅུ་དགུ་དང་སྐར་མ་ཞེ་དགུ)རུ་སྐར་མ་གཤིན་རྒྱལ་དང་བར་ཐག་ཉེ་པོ་ནས་འཕུར་སྐྱོད་ཐེངས་དང་པོ་བྱས་པ་རེད།
         “མཐོང་ལམ་གསར་པ”རྟགས་ཅན་གྱི་བརྟག་ཞིབ་ཡོ་བྱད་2006ལོའི་ཟླ་བ་དང་པོར་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་འགོ་ཚུགས་པ་དང་། ལོ་དགུ་ལྷག་ཙམ་ཐག་རིང་འཕུར་སྐྱོད་བྱས་པ་བརྒྱུད་མཐར་སྐར་མ་གཤིན་རྒྱལ་དང“ཐུག་འཕྲད”བྱུང་ཡོད། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱི་བརྙན་ལམ་ནང་ས་ངོས་ཚོད་འཛིན་ལྟེ་གནས་ཀྱི་མི་མི་ཉུང་བ་ཞིག་གིས་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཆུ་བཏང་བ་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།