འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཕུགས་རེའི་སློབ་ཆུང་རྫོང་ཁོངས་སུ་ཁྱབ་ཚད་90%ཡན་ཟིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 1992ལོ་ནས་བཟུང་སྡེ་ཚོགས་ལྗོངས་ཨུད་ཀྱིས་ཕུགས་རེའི་འདུ་འགོད་ལག་བསྟར་བྱས་པ་བརྒྱུད་ལྗོངས་ཡོངས་ཀྱི་རྫོང་དང་ཆུས་72ལ་ཕུགས་རེའི་སློབ་ཆུང་226དང་། ཕུགས་རེའི་འདུ་འགོད་ཀྱི་གློག་ཀླད་སློབ་ཁང་12 ཕུགས་རེའི་འདུ་འགོད་ཀྱི་དཔེ་དེབ་ཁང་55 ཕུགས་རེའི་འདུ་འགོད་ཀྱི་སྤྲོ་སྐྱིད་ལུས་རྩལ་ཁང་31བཅས་བསྐྲུན་པ་དང་འབྲེལ་ཕུགས་རེའི་སློབ་ཆུང་གི་དགེ་རྒན་520ལྷག་ཙམ་སྔ་རྗེས་སུ་གསོ་སྦྱོང་བྱས་པ་རེད། མིག་སྔར་ཕུགས་རེའི་སློབ་ཆུང་རྫོང་ཁོངས་སུ་ཁྱབ་ཚད་90%ཡན་ཟིན་ནས་བོད་ཀྱི་ཤང་གྲོང་སློབ་ཆུང་གི་སློབ་གཉེར་ཆ་རྐྱེན་ལེགས་སུ་མངོན་གསལ་དོད་པོ་ཕྱིན་ཐོག་ཤང་གྲོང་སློབ་ཆུང་གི་དགེ་རྒན་གྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད་པ་རེད།
          མིག་སྔར་བོད་ལྗོངས་ཀྱི་ཕུགས་རེའི་འདུ་འགོད་ཀྱི་ཞབས་ཞུའི་ཁྱབ་ཁོངས་དེ་གཞོན་ནུ་ལོ་ཆུང་གི་སློབ་གཉེར་དུས་མཚམས་ནས་ལས་ཞུགས་དང་ལས་གཏོད་འཕེལ་རྒྱས་གཏོང་བའི་དུས་མཚམས་བར་ཁྱབ་ཅིང་། མིག་སྔའི་བར་ཁྱོན་རིགས་ཁག་གི་གཞོན་ནུ་ཞིང་འབྲོག་པ་མི་ཐེངས་2000ཙམ་གསོ་སྦྱོང་བྱས་ཏེ་གཞོན་ནུ་ཞིང་འབྲོག་པའི་ལས་གཏོད་ཕུགས་འདུན་སྒྲུབ་རོགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།