འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་ཆེན་པོ་དྲུག་ལ་
    ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན་གྱི་ས་སྲོས་སུ་དཀར་མཛེས་ཀྲོའུ་རོང་བྲག་རྫོང་མདའ་མདོ་ཤང་གི་ཞིང་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་བྲེལ་ཚུབ་ཆེན་པོའི་ངང་ཁྱིམ་གྱི་གློག་སྤར་མ་ཐག་ཁང་པའི་ནང་ཁྲ་ལྷམ་མེར་གྱུར། ཟླ་6ཚེས་30ཉིན་དཀར་མཛེས་ཀྱི་མཇུག་མཐའི་གློག་མེད་དུད་ཚང་ཁྲི་4.58ཀྱི་གློག་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།
         སི་ཁྲོན་ཞིང་ཆེན་གྱིས་2013ལོར་བོད་རིགས་ས་ཁུལ་གྱི་དམངས་འཚོའི་འདུ་འགོད་ཆེན་པོ་དྲུག་ལག་བསྟར་བྱེད་འགོ་བཙུགས་ཤིང་། མང་ཚོགས་ལ་ཐད་ཀར་ཕན་པ་ཐོབ་པ་དང་། ཁྱབ་ཁྱོན་ཆེ་བ། དགོས་གལ་ཅུང་ཆེ་བ་བཅས་ཡིན་པའི་བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་དང་། སློབ་གསོ་འཕེལ་རྒྱས་དར་སྤེལ། སྨན་བཅོས་འཕྲོད་བསྟེན་ཆུ་ཚད་མཐོར་གཏོང་། སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད། རིག་གནས་འཕེལ་རྒྱས་དར་སྤེལ། དབུལ་སྐྱོར་དཀའ་སེལ་བྱ་སྤྱོད་བཅས་ཁྱབ་ཁོངས་ཆེན་པོ་དྲུག་ལ་དམིགས་ནས་མང་ཚོགས་ཚོའི་དགོས་གལ་ཆེ་ས་དང་རེ་སྒུག་ཆེ་སར་དྲོ་སྐྱིད་སྦྱིན་པ་རེད།
         སི་ཁྲོན་བོད་རིགས་ས་ཁུལ་དུ་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། སྡེ་དགེ་མ་ཎི་གད་མགོ་གྲོང་རྡལ་མི་རིགས་མཐུན་སྒྲིལ་གྲོང་གསར་གྱི་དུད་ཚང་དབུལ་པོ་དཀོན་མཆོག་ཚང་མི་རབས་གཉིས་ཉེན་ཡོད་ས་རྡོའི་ཁང་པ་ནས་སྨི་ངོས་གྲུ་200ལྷག་ཙམ་གྱི་སྡོད་ཁང་གསར་པར་སྤོས་པ་དང་། འདམ་རྡོའི་ཆུ་རུད་སོགས་ས་གཤིས་གནོད་འཚེ་ཕོག་པའི་ཝུན་ཁྲོན་རྫོང་ཚའོ་ཕའོ་ཤང་ལིང་ཧོ་གྲོང་ཚོའི་གྲོང་མི་529ཚང་མ་མཉམ་དུ་ཧྲུའེ་མའོ་གྲོང་རྡལ་ཀུའོ་ཅཱ་པ་གྲོང་ཚོར་སྤོས་པ། མཛོད་དགེ་རྫོང་རྒན་གསོ་ཁང་གི་རྒས་འཁོགས་དང་སློབ་གྲྭའི་སློབ་མ་ཚོས་སོ་སོའི་སྒོ་ཁར་རྨ་ཆུ་རྩྭ་ཐང་སྒྱུ་རྩལ་ཚོགས་པའི་ལེ་ཚན་ལྟ་ཐུབ་པ། འབར་ཁམས་རྫོང་རྫོང་འགག་གྲོང་རྡལ་རྡོ་གཡུ་གྲོང་ཚོའི་གྲུམ་བུ་ཚིགས་ཆེན་གྱི་ནད་པ་ཞལ་དཀར་གྱིས་སྦྲང་མ་གསོ་བ་ལ་བརྟེན་ནས་ལོ་རེར་སྒོར་4000ལྷག་ཙམ་བྱུང་ཡོད།
         བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2013ལོར་འདུས་སྡོད་ས་ཚིགས་182བསྐྲུན་པ་དང་། ཞིང་དུད་18820ཡི་ཉེན་ཁང་སྒྱུར་བཀོད་བྱས་པ། དུད་ཚང་2293གྱི་ཞིང་འབྲོག་པ་དབུལ་པོ་11400གནས་སྤོ་བྱས་པ་དང་། 2014ལོར་བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་ཁྲི་2བསྐྲུན་པ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གྲོང་གསར་47སྐྲུན་འགོ་ཚུགས་པ། དབུལ་ཕོངས་གྲོང་ཚོ་100ལ་གྲོང་ཚོ་ཧྲིལ་པོ་སྐུལ་འདེད་བཏང་བ། འབྲུ་རིགས་བརྗེ་བ་སོགས་ཀྱི་བྱེད་ཐབས་སྤྱད་པས་གྲུམ་བུ་ཚིགས་ཆེན་གྱི་ནད་ཕོག་ཚབས་ཆེ་ཁུལ་རྔ་པ་ཀྲོའུ་རུ་ཉེ་བའི་ལོ་ཤས་རིང་གྲུམ་བུའི་ནད་པ་གསར་དུ་མ་ཐོན་པར་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།
         སི་ཁྲོན་ཞིང་ཆེན་གྱིས་2014ལོར་དཔྱད་བསྡུར་བྱེད་ཐབས་བཏོན་ནས་གཙོ་གནད་སྣོད་བཅུད་ཕན་ནུས་ཁུལ་གྱི་རྫོང་58ལ་སླར་ཡང་GDPཡི་དཔྱད་བསྡུར་མི་བྱེད་ཞེས་ཁ་གསལ་བཏོན་པའི་ནང་ས་མཐོའི་བོད་རིགས་ས་ཁུལ་གྱི་རྫོང་32ཚང་མ་ཚུད་ཡོད་ཅིང་། དེས་བོད་རིགས་ས་ཁུལ་ལ་གཙོ་གནད་དེ་སྣོད་བཅུད་སྲུང་སྐྱོང་དང་། དབུལ་སྐྱོར་འགག་སྒྲོལ། ཞིང་རོགས་འབབ་འཕར་སོགས་ཀྱི་ལས་དོན་ཐོག་བཞག་ནས་མང་ཚོགས་ཀྱི་ཕན་ཁེ་ཆེ་རུ་ཧུར་ཐག་གཏོང་དགོས་པར་སྣེ་ཁྲིད་བྱས་ཡོད། རྔ་པ་དང་དཀར་མཛེས་ཀྱིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྔ་རྗེས་སུ་བཏོན་པས། དབུལ་ཕོངས་མང་ཚོགས་ཚོར་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་དབུལ་པོ་ཁྲི་8ཙམ་ཉུང་དུ་ཕྱིན་པ་དང་། འདི་ལོར་དབུལ་པོ་ཁྲི་5.9ཉུང་དུ་གཏོང་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།