འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེ་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་
    སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་15ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧྥ་རན་སེའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ནེ་ཏའར་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་ཧྥ་རན་སེའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་འཕེལ་རྒྱས་པུའི་པུའུ་ཀྲང་ལོ་ལང·ཧྥ་པི་ཡིའུ་སིས་དེ་ཉིན་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་ཚོགས་འདུའི་ཐོག་ཧྥ་རན་སེའི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་གྲོས་འཆམ་བྱུང་བའི་ནང་ཡུལ་སྐོར་སྣེ་ལེན་གྱི་ལས་དོན་ལེགས་སུ་གཏོང་རྒྱུ་དང་། ཡུལ་སྐོར་ཐོངས་མཆན་སྟབས་བདེ་རུ་གཏོང་རྒྱུ། ཁྲལ་སློག་གི་འགྲོ་ལུགས་འཐུས་ཚང་དུ་གཏོང་རྒྱུ་སོགས་ཚུད་ཡོད་ཅེས་བཤད་པ་རེད།
         ནེ་ཏའར་གྱིས་འདས་པའི་ལོ་དེའི་ནང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྐུལ་སྤེལ་ཨུ་ལྷན་གྱིས་ཡུལ་སྐོར་ཆེད་ལས་མི་སྣ་250དང་སྲིད་གཞུང་གི་དཔོན་རིགས་ཀྱི་གཏམ་བཤད་ཉན་ནས་2020ལོའི་གོང་གི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་འཐབ་ཇུས་བཟོས་ཡོད། ཚེས་11ཉིན་གྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་བྱེད་ཐབས་རབ་དང་རིམ་པའི་ནང་སྤུས་རྟགས་ཁྱབ་གདལ་གྱི་འཐབ་ཇུས་བརྒྱུད་སེམས་ནུས་དང་ནོར་ཤུགས་གཅིག་སྡུད་བྱས་ཏེ་འཛམ་གླིང་ཐོག་སྐད་གྲགས་ལྡན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་སྐྲུན་རྒྱུ་དང་འབྲེལ་ཡུལ་སྐོར་ལས་རིགས་ཀྱི་གནས་བབ་མཐོ་རུ་གཏོང་རྒྱུ་དང་། ཤེས་ལྡན་པ་གསོ་སྦྱོང་ལ་ཤུགས་སྣོན། ཡུལ་སྐོར་ལས་དོན་པའི་ཞབས་ཞུའི་སྤུས་ཚད་དང་། གྲངས་འཛིན་ལག་རྩལ་གྱི་ནུས་པ་དང་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུ་བཅས་ཚུད་ཡོད་ཅེས་བཤད་པ་རེད།
         ནེ་ཏའར་གྱིས་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་ཀྱི་མ་འཇོག་འཐབ་ཇུས་བཟོས་ནས་ཡུལ་སྐོར་མ་འཇོག་གི་ཐེབས་རྩ་འཛུགས་རྒྱུ་དང་ཡུལ་སྐོར་མ་འཇོག་གི་ཐེབས་རྩ་དེ་འདི་ལོའི་སྟོན་དུས་སུ་ཧྥ་རན་སེའི་ཡིད་རྟོན་མངགས་བཅོལ་ཅུས་སུ་འཛུགས་རྒྱུ་དང་དངུལ་འབོར་ཡོ་སྒོར་དུང་ཕྱུར་ཁ་ཤས་ཟིན་རྒྱུ་དང་ཧྥ་རན་སེའི་འགྲུལ་ཁང་ལས་རིགས་ཀྱིས་དེ་ནས་དངུལ་བུན་གཡར་ཏེ་རྨང་གཞིའི་སྒྲིག་བཀོད་གསར་བཟོ་བྱེད་ཆོག་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།