འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིའི་ཙུང་ཐུང་གི་མཐོ་རིམ་བློ་འདྲི་བ་ཅ་
    རུའེ་ཐེ་ཏཱ་ལའི“སྐྱེས་སྐར་ལ་རྟེན་འབྲེལ”བྱེད་པའི་བྱེད་སྒོར་ཞུགས་པའི་
    ཐད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་15ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིའི་ཙུང་ཐུང་གི་མཐོ་རིམ་བློ་འདྲི་བ་ཏཱ་ལའི“སྐྱེས་སྐར་ལ་རྟེན་འབྲེལ”བྱེད་པའི་བྱེད་སྒོར་ཞུགས་པའི་ཐད་གསར་འགོད་པའི་འདྲི་བར་ལན་སྐྱོན་སྐབས། དེའི་ཐད་ཀྲུང་གོ་ཕྱོགས་ནས་ཤིན་ཏུ་ཡིད་མ་རངས་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         གནས་ཚུལ་སྤེལ་བར་གཞིགས་ན། ཙུང་ཐུང་ཨོ་པ་མའི་མཐོ་རིམ་བློ་འདྲི་བ་ཅ་རུའེ་ཐེ་ཟླ་7ཚེས་10ཉིན་ཉིའུ་གཡོད་དུ་ཏཱ་ལ་ལོ་80ལ་སླེབས་པའི“སྐྱེས་སྐར་ལ་རྟེན་འབྲེལ”བྱེད་པའི་བྱེད་སྒོར་ཞུགས་པས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པས་དྲིས་པར།
         ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་འབྲེལ་གཏུག་ཐེངས་མང་བྱས་པར་མི་ལྟོས་པར་མཐོ་རིམ་དཔོན་རིགས་དང་ཏཱ་ལ་འབྲེལ་ཐུག་བྱ་རྒྱུ་ཨ་ན་ཨུ་ཚུགས་ཀྱིས་བཀོད་སྒྲིག་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ཤིན་ཏུ་ཡིད་མ་རངས་པ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ཨ་རི་ཕྱོགས་ལ་བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་ལེན་དང“བོད་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་བརྩི་སྲུང་ཞུ་བ་དང་བྱ་ཐབས་ཏན་ཏིག་སྤྱད་དེ་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་ཤུགས་རྐྱེན་ངན་པ་སེལ་བ་དང“བོད་རང་བཙན”ཕྱོགས་གཏོགས་ལ་སྟབས་བདེ་དང་རྒྱབ་སྐྱོར་མཁོ་འདོན་བྱེད་མཚམས་བཞག་ནས་ཀྲུང་ཨའི་འབྲེལ་བར་འགལ་རྐྱེན་དང་གནོད་འཚེ་མི་ཕོག་པ་བྱ་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།