འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་དཔོན་རིགས་ཀྱིས“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”དེ་ཨུ་རུ་སུའི་འཕེལ་
    རྒྱས་ཀྱི་བསམ་ཕྱོགས་དང་ཕན་ཚུན་གསབ་རེས་རང་བཞིན་
    ལྡན་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་15ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་ལྕགས་ལམ་ཀུང་སིའི་ཙུང་ཚའེ་ཡ་ཁུའུ་ཉིང་གིས་ཚེས་8ཉིན་ཨུ་ཧྥ་རུ་ཨུ་རུ་སུ་ཕྱོགས་ཀྱིས་བཏོན་པའི“ཡོ་རོབ་དང་ཨེ་ཤེ་ཡ་གསར་སྤེལ་ཁུལ་ལས་བརྒལ་བ་བྱེད་པའི”གྲོས་འགོ་དེ་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”གྱི་བསམ་ཕྱོགས་དང་ཕན་ཚུན་གསབ་རེས་རང་བཞིན་ལྡན་ཡོད་ཅེས་བཤད་པ་རེད།
         ཡ་ཁུའུ་ཉིང་གིས་གོང་ཚེས་ཉིན་དེ་གར་འཚོགས་པའི་འབོ་གསེར་རྒྱལ་ཁབ་ཀྱི་ཁེ་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་བསམ་ཕྱོགས་གཉིས་ཀྱི་གྲོས་བསྡུར་དེ་ལྕགས་ལམ་དང་གཞུང་ལམ་དང་ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་ཁོ་ན་མིན་པར་ད་དུང་དཔལ་འབྱོར་གསར་སྤེལ་གྱི་གཅིག་སྡུད་ཁུལ་འཛུགས་སྐྲུན་བྱས་ནས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་དང་ཐོན་སྐྱེད་ཁེ་ལས་ཞུགས་རྒྱུ་དང་གསར་སྤེལ་བྱེད་རྒྱུའི་གདན་ཞུ་བྱེད་དགོས་རེད་ཅེས་བཤད་པ་རེད།
         སྙན་ཞུའི་ནང“ཡོ་རོབ་དང་ཨེ་ཤེ་ཡ་གསར་སྤེལ་ཁུལ་ལས་བརྒལ་བ་བྱེད་པའི”གྲོས་འགོ་དེས་ཨུ་རུ་སུས་དེའི་འཛམ་གླིང་ཐོག་གི་གནས་བབ་ལ་སླར་ཡང་བསམ་བློ་གཏོང་རོཌ་བྱས་ནས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་གཞི་གཅིག་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།
         འདི་ལོའི་ཟླ་5པར་ཨུ་རུ་སུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུཌ་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་སྦྲེལ་མཐུད་མཉམ་ལས་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་》ལ་མིང་རྟགས་བཀོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།