འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མིའི་རིགས་ཀྱིས་ཐེངས་དང་པོར་བར་ཐག་ཉེ་ས་ནས་སྐར་མ་གཤིན་རྒྱལ་ལ་ལྟ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་14ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མིའི་རིགས་ཀྱིས་ཐེངས་དང་པོར་བར་ཐག་ཉེ་ས་ནས་སྐར་མ་གཤིན་རྒྱལ་ལ་ལྟ་ཞིབ་བྱས་པ།
         ལོ་དགུ་རིང་གི་ཐག་རིང་འཕུར་སྐྱོད་བྱས་པ་བརྒྱུད། "མཐོང་རྒྱ་གསར་པ"རྟགས་ཅན་གྱི་འཚོལ་ཞིབ་འཕྲུལ་ཆས་2015ལོའི་ཟླ་7ཚེས་14ཉིན་སྐར་མ་གཤིན་རྒྱལ་གྱི་སྟེང་ཕྱོགས་སྤྱི་ལེ་ཁྲི་1ཡོད་ས་ནས་འཕུར་སྐྱོད་བྱ་རྒྱུ་ཡིན་པས། འདི་ནི་སྐར་མ་གཤིན་རྒྱལ་དང་བར་ཐག་ཉེ་ཤོས་ཡིན་པ་དང་། དེའི་རྗེས"མཐོང་རྒྱ་གསར་པ"རྟགས་ཅན་གྱི་འཚོལ་ཞིབ་འཕྲུལ་ཆས་མུ་མཐུད་མདུན་དུ་བསྐྱོད་དེ་ཉི་མའི་ཁྱིམ་རྒྱུད་ཉེ་མཐའི་ཁོ་དབྱི་པོ་རྒྱུད་དུ་འཕུར་སྐྱོད་བྱས་ཏེ་བསྐྱར་དུ་ཕྱིར་ལོག་རྒྱུ་མིན་པ་རེད།
         སྐར་མ་གཤིན་རྒྱལ་གྱི་རྒྱ་ཁྱོན་ཆུང་བ་དང་བར་ཐག་རིང་བའི་དབང་གིས་མིའི་རིགས་ཀྱིས་སྐར་མ་གཤིན་རྒྱལ་གྱི་གནས་ཚུལ་རྒྱུས་མངའ་གང་ཡང་མེད་པར་སྣང་། ད་ཐེངས"མཐོང་རྒྱ་གསར་པ"རྟགས་ཅན་དང་སྐར་མ་གཤིན་རྒྱལ་གཉིས་"ཞལ་འཛོམས"བྱ་རྒྱུ་ནི་སའི་གོ་ལ་ནས་ཡོང་བའི་འཚོལ་ཞིབ་འཕྲུལ་ཆས་ཐེངས་དང་པོར་སྐར་མ་གཤིན་རྒྱལ་དང་འཕྲད་རྒྱུ་ཡིན་པས། མིའི་རིགས་ཀྱིས་སྐར་མ་གཤིན་རྒྱལ་ཤེས་རྟོགས་བྱེད་ཚུལ་ཐད་གསར་བརྗེ་རང་བཞིན་ལྡན་པའི་འགྱུར་ལྡོག་འབྱུང་ངེས་རེད། པར་རིས་འདི་དག་ནི་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་2015ལོའི་ཟླ་7པར་འདོན་སྤྲོད་བྱས་པའི"མཐོང་རྒྱ་གསར་པ"རྟགས་ཅན་གྱི་འཚོལ་ཞིབ་འཕྲུལ་ཆས་དང་སྐར་མ་གཤིན་རྒྱལ་གཉིས"ཞལ་འཛོམས"བྱུང་སྐབས་ཀྱི་གནས་ཚུལ་སྔོན་དཔག་བྱས་པའི་པར་རིས་རེད།
    【1】  【2】  【3】
    ༄༅།།མིའི་རིགས་ཀྱིས་ཐེངས་དང་པོར་བར་ཐག་ཉེ་ས་ནས་སྐར་མ་གཤིན་རྒྱལ་ལ་ལྟ་ཞིབ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།