འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཐའ་སྣེ་གསུམ་པའི་འཁྱགས་མཚོའི་གནས་ཚུལ་
    སྒོ་ཀུན་ནས་ཁོང་དུ་ཆུད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་14ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཞིབ་འཇུག་མི་སྣས་རྒྱང་ཚོར་གྱི་ཐབས་ལ་བརྟེན་ནས་ཉེ་དུས་མཐའ་སྣེ་གསུམ་པའི་འཁྱགས་མཚོའི་གནས་ཚུལ་ཐོག་མར་སྒོ་ཀུན་ནས་ཁོང་དུ་ཆུད་པ་བྱས་པ་དེས་མཚོ་བོད་ས་མཐོ་དང་དེ་བཞིན་ཉེ་འཁོར་ས་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་དང་འཁྱགས་མཚོའི་རགས་ཁ་ཤོར་བ་སོགས་ས་གཤིས་གནོད་འཚེར་བརྟག་ཞིབ་དང་གདེང་འཇོག་བྱེད་པར་གཞི་འཛིན་ས་གལ་ཆེན་ཞིག་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
         ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་སའི་གོ་ལའི་ཚན་རིག་གི་ཕུལ་བྱུང་གསར་གཏོད་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཀྲང་གོ་ཆིང་དང་དེ་བཞིན་མཉམ་ལས་པས་ཉེ་བའི་ལོ་30རིང་གི་མཐའ་སྣེ་གསུམ་པའི་འཁྱགས་མཚོར་རྒྱུད་རིམ་ལྡན་པའི་དཀར་ཆག་སྒྲིག་པ་རེད། ཞིབ་འཇུག་གྲུབ་འབྲས་དེ་ཉེ་དུས་སའི་གོ་ལའི་ཚན་རིག་ཁྱབ་ཁོངས་ཀྱི་《སའི་གོ་ལ་དང་རྒྱུ་སྐར་འགྱུར་ལྡོག་》ཅེས་པའི་དུས་དེབ་ཐོག་འདོན་རྒྱུ་ཡིན་པ་རེད།
         ཀྲང་གོ་ཆིང་གིས་ཞིབ་འཇུག་ལས་མངོན་པར་གཞིགས་ན། མཐའ་སྣེ་གསུམ་པའི་འཁྱགས་མཚོ་ཁྱོན་5701ཡོད་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་570ནས་790བར་ཡིན་པ་དང་། ཡར་ཀླུང་གཙང་པོ་དང་། ཧིན་རྡུ་གཙང་པོ། ཨ་མུ་གཙང་པོ་སོགས་འབབ་རྒྱུད་དུ་འཁྱགས་མཚོ་ཅུང་མང་བ་དང་། འཁྱགས་རོམ་ཞུར་བ་ནི་འཁྱགས་མཚོ་རྒྱ་ཆེར་འགྲོ་བའི་རྒྱུ་མཚན་གཙོ་བོ་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།