འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་བྱང་ཐང་གི་མཚེའུ་དྭངས་ར་གཡུ་མཚོར་ཡིག་ཚགས་ཡོད་པར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་08ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་བྱང་ཐང་གི་མཚེའུ་དྭངས་ར་གཡུ་མཚོར་ཡིག་ཚགས་ཡོད་པར་གྱུར་པ།
         ཟླ་7པའི་ཟླ་སྟོད་དུ་བོད་ལྗོངས་བྱང་ཐང་གི་ཉི་མ་རྫོང་ཁོངས་སུ་ཡོད་པའི་མཚེའུ་དྭངས་ར་གཡུ་མཚོའི་ཚད་ལེན་བྱ་བ་ལེགས་གྲུབ་བྱུང་ནས་མཚེའུ་འདིར་གཞི་རྩའི་དཔྱད་གཞིའི་ཡིག་ཆ་མེད་པ་ནས་ཡོད་པར་གྱུར་བ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་མངའ་ཁོངས་སུ་ཡོད་པའི་མཚེའུ་དྭངས་ར་གཡུ་མཚོ་དང་སེར་གླིང་མཚོ་གཉིས་ལ་ཚད་ལེན་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་2015ལོའི་ལོ་འཁོར་ནང་གི་ཆུ་བེད་ཐད་ཀྱི་དུས་འགོའི་ལས་གཞི་གལ་ཆེན་གྱི་ཡ་གྱལ་ཞིག་ཡིན་ཞིང་། དེའི་ནང་ཟླ་6ཚེས་20ཉིན་ནས་བཟུང་མཚེའུ་དྭངས་ར་གཡུ་མཚོར་ཚད་ལེན་བྱ་བ་སྒྲུབ་འགོ་བརྩམས་པ་དང་། མཚེའུ་དེ་ནི་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་4700ཡོད་སར་ཆགས་ཡོད། ཚད་ལེན་བྱ་བའི་འོས་འགན་འཁུར་ཡོད་པའི་ཆུ་བེད་པུའུ་ཡི་ཆུ་དཔྱད་ཅུས་ཀྱིས་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་དང་བོད་ལྗོངས་ཆུ་དཔྱད་ཅུས་ཀྱི་ཚད་ལེན་མི་སྣ་སྒྲིག་འཛུགས་བྱས་ཏེ་འཁོར་སྐར་ཕྱོགས་སྟོན་གནས་ཐིག་གཏན་ཁེལ་ལག་རྩལ་སོགས་ལག་རྩལ་དང་བྱེད་ཐབས་ལག་བསྟར་བྱས་ཏེ་ཚོད་འཛིན་དང་། ཆུ་ངོས་སྙོམས་ཚད། ཆུ་འོག་ས་དབྱིབས་སོགས་ཚད་ལེན་བྱས་པ་མ་ཟད། རང་རྒྱལ་གྱི་མཐོ་སྒང་ས་ཁུལ་དུ་ཐེངས་ཐོག་མར་རླབས་མདའ་མང་བར་བརྟེན་ནས་གཏིང་རིང་ཚད་ལེན་མ་ལག་དང་3Dབཤར་འབེབས་ཆས་ལེགས་འགྲུབ་ངང་བེད་སྤྱོད་བྱས་ཏེ་ཆུ་འོག་གི་ས་དབྱིབས་དང་། ཆུ་འགྲམ་དང་ཆུ་ངོགས་ཀྱི་ས་དབྱིབས་ལ་དུས་གཅིག་ཏུ་བཤེར་འབེབས་ཚད་ལེན་བྱས་ནས་མཚེའུ་གཞི་རྩའི་ཆ་འཕྲིན་འབོར་ཆེན་ཐོབ་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། དྭངས་ར་གཡུ་མཚོར་ཚད་ལེན་བྱེད་པའི་ལས་ཀ་བསྒྲུབས་རྗེས་ཀྲུང་གོའི་ཚྭ་ཆུའི་མཚེའུ་ཆེན་པོ་གཉིས་པ་སེར་གླིང་མཚོ་ལ་ཚད་ལེན་བྱ་བའི་ལས་ཀ་སྒྲུབ་འགོ་རྩོམ་རྒྱུ་རེད།
    ༄༅།།བོད་ལྗོངས་བྱང་ཐང་གི་མཚེའུ་དྭངས་ར་གཡུ་མཚོར་ཡིག་ཚགས་ཡོད་པར་གྱུར་པ།
    ༄༅།།བོད་ལྗོངས་བྱང་ཐང་གི་མཚེའུ་དྭངས་ར་གཡུ་མཚོར་ཡིག་ཚགས་ཡོད་པར་གྱུར་པ།
    ༄༅།།བོད་ལྗོངས་བྱང་ཐང་གི་མཚེའུ་དྭངས་ར་གཡུ་མཚོར་ཡིག་ཚགས་ཡོད་པར་གྱུར་པ།
    ༄༅།།བོད་ལྗོངས་བྱང་ཐང་གི་མཚེའུ་དྭངས་ར་གཡུ་མཚོར་ཡིག་ཚགས་ཡོད་པར་གྱུར་པ།
      

    ཕྱོགས་བསྡུས་གསར་འགྱུར།