འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་འགྲོ་འོང་བྱེད་རྒྱུའི་ཐད་གཏོང་མེ་འཁོར་ལན་50གཏོང་འགོ་རྩོམ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་14ཉིན། 14:02】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་བོད་ལྕགས་ལམ་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་7པར་སླེབས་པ་དང་ཆབས་ཅིག་མཐོ་རིམ་སློབ་གྲྭ་ཁག་གིས་རིམ་བཞིན་གུང་སེང་བཏང་བས། བོད་ལྗོངས་སུ་བསྐྱོད་པའི་ཡུལ་སྐོར་བ་དང་སློབ་མ་ཕྱིར་ལོག་པའི་འགྲུལ་པ་ཕར་ཚུར་འགྲོ་ཚད་མང་དུ་འགྲོ་བཞིན་ཡོད་པར་དམིགས་ནས་མཚོ་བོད་ལྕགས་ལམ་ཀུང་སིས་བོད་ལྗོངས་སུ་འགྲོ་འོང་བྱེད་རྒྱུའི་ཐད་གཏོང་མེ་འཁོར་ལན་50གསབ་གཏོང་བྱེད་རྒྱུའི་འཆར་གཞི་བཀོད་པ་རེད།
         བོད་ལྗོངས་སུ་འགྲོ་འོང་བྱེད་པའི་མེ་འཁོར་དེ་གོར་མོ་དང་ནག་ཆུ་སོགས་ཀྱི་འབབ་ཚིགས་སུ་གཏོང་མཚམས་འཇོག་རྒྱུ་ཡིན་པ་དང་། ཐད་གཏོང་མེ་འཁོར་གྱི་འཁོར་སྐྱོད་འཆར་གཞི་ནི། ཟླ་7ཚེས་31ཉིན་ནས་ཟླ་8ཚེས་22ཉིན་བར་དུ་ཟི་ལིང་ནས་ལྷ་སའི་བར་ཉིན་རེར་ཐེངས་Z9815བའི་འགྲུལ་སྐྱེལ་མེ་འཁོར་གཏོང་རྒྱུ་ཡིན་ལ། ཟླ་8ཚེས་1ཉིན་ནས་ཟླ་8ཚེས་23བར་དུ་ལྷ་ས་ནས་ཟི་ལིང་བར་དུ་ཉིན་རེར་ཐེངས་Z9816པའི་འགྲུལ་སྐྱེལ་མེ་འཁོར་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།