འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་པ་འདེམས་བསྐོ་ཆེན་པོའི་ནང་ཞུགས་
    རྒྱུའི་ཡོངས་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་14ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་པ་འདེམས་བསྐོ་ཆེན་པོའི་ནང་ཞུགས་
རྒྱུའི་ཡོངས་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། འབར་མའི་སྲིད་དབང་བཟུང་མེད་པའི་ཏང་ཤོག་ཆེ་ཤོས་ཡིན་པའི་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུའུ་ཞི་ཨང་ཧྲན་སུའུ་ཅིས་དེ་ཉིན་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུང་དབྱང་སྲིད་འཛིན་ཨུ་ལྷན་གྱི་ཚོགས་འདུ་གྲོལ་རྗེས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དམངས་གཙོ་མནའ་མཐུན་ཚོགས་པ་འདེམས་བསྐོ་ཆེན་པོའི་ནང་ཞུགས་རྒྱུ་དང་ཁོང་རང་ཉིད་གྲོས་མི་འདེམས་བསྐོའི་ནང་ཞུགས་རྒྱུའི་ཡོངས་བསྒྲགས་བྱས་ཡོད། ཟླ་7ཚེས་8ཉིན་འབར་མ་རྒྱལ་ཕྲན་མཉམ་འབྲེལ་གྱི་འདེམས་བསྐོ་ཆེན་པོའི་ཨུ་ལྷན་གྱིས་ཟླ་11ཚེས་8ཉིན་འབར་མར་རྒྱལ་ཡོངས་ཀྱི་འདེམས་བསྐོ་ཆེན་པོ་བྱ་རྒྱུའི་ཡོངས་བསྒྲགས་བྱས་ཤིང་། འདི་ནི་ཟླ་7ཚེས་11ཉིན་འབར་མ་ནེ་པི་ཏུའུ་རུ་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་མཐུན་ཚོགས་པའི་ཀྲུའུ་ཞི་ཨང་ཧྲན་སུའུ་ཅིས་(དཀྱིལ)གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།