འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཧྥ་རན་སེ་སྲིད་གཞུང་གི་ཇུས་འདོན་ཚོགས་པས་སྤྱི་པའི་སྲིད་ཇུས་དཔྱད་དཔོག་
    ལེགས་སུ་ཇི་ལྟར་གཏོང་རྒྱུའི་ཐད་ཞིབ་བསྡུར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་དང་ཧྥ་རན་སེའི་སྲིད་གཞུང་གི་ཇུས་འདོན་ཚོགས་པ་གལ་ཆེན་གཉིས—ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་ཧྥ་རན་སེའི་རྒྱལ་ཁབ་འཐབ་ཇུས་དང་སྔོན་དཔག་སྤྱི་ཁྱབ་ཧྲུའུ་ཡིས་ཚེས་2ཉིན་ཕ་རི་སིར“ཀྲུང་གོ་དང་ཧྥ་རན་སེའི་སྤྱི་པའི་སྲིད་ཇུས་དཔྱད་དཔོག་ཞིབ་བསྡུར་ཚོགས་འདུ”མཉམ་འབྲེལ་ཐོག་འཚོགས་ཏེ། སྤྱི་པའི་སྲིད་ཇུས་དཔྱད་དཔོག་ལེགས་སུ་ཇི་ལྟར་གཏོང་རྒྱུའི་ཐད་ཞིབ་བསྡུར་བྱས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་། ད་ཐེངས་ཀྱི་ཚོགས་འདུའི་སྤྱི་པའི་སྲིད་ཇུས་དཔྱད་དཔོག་བྱ་ཐབས་དང་། ཚོང་དོན་སྲིད་ཇུས་དཔྱད་དཔོག སྤྱི་པའི་མ་འཇོག་སྲིད་ཇུས་དཔྱད་དཔོག་སོགས་བརྗོད་བྱ་གཙོ་བོར་དམིགས་ཏེ་ཞིབ་བསྡུར་བྱས་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝེ་ཡིས་སྤྱི་པའི་སྲིད་ཇུས་དཔྱད་དཔོག་ནི་རྒྱལ་ཁབ་ཀྱིས་དེང་རབས་ཅན་བཅོས་སྐྱོང་བྱེད་སྐབས་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་སྤྱི་པའི་སྲིད་ཇུས་དཔྱད་དཔོག་དེ་ཉིད་ལམ་སྲོལ་ཅན་གྱི་འཁོར་ལམ་ཐོག་དངོས་སུ་སླེབས་ཡོད་ཅེས་བཤད་པ་རེད།
         ཧྥ་རན་སེའི་རྒྱལ་ཁབ་འཐབ་ཇུས་དང་སྔོན་དཔག་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་ཧྥེ་ལེ་དང་འབྲེལ་ཡོད་རིགས་གཅིག་མཁས་ཅན་གྱིས་ཧྥ་རན་སེའི་སྲིད་གཞུང་གི་ཇུས་འདོན་ཚོགས་པ་གལ་ཆེན་ཡིན་པའི་ངོས་ནས་ཧྲུའུ་དེར་འཕྲད་པའི་འགྲན་སློང་གཙོ་བོའི་ནང་སྲིད་གཞུང་སྡེ་ཚན་གྱི་སྲིད་ཇུས་དམིགས་ཚད་དང་སྤྱི་དམངས་ཀྱི་རེ་སྒུག་གཅིག་མཚུངས་མིན་པ་དང་། སྲིད་ཇུས་དཔྱད་དཔོག་གི་དམིགས་ཚད་གསལ་པོ་མེད་པ། སྔོན་རྩིས་མི་འདང་བ། དཔྱད་དཔོག་བྱེད་པར་མཁོ་བའི་ལུགས་མཐུན་དུས་ཚོད་དང་དུས་འཁོར་ལ་འགན་ལེན་མི་ཐུབ་པ། གྲངས་གཞི་ཐོབ་པར་བྱེད་པ་དང་སྤྱི་དམངས་ཀྱིས་ཆ་འཕྲིན་གསང་བ་ལ་སྲུང་སྐྱོང་བྱེད་པའི་དབར་ཐོན་པའི་འགལ་ཟླ་སོགས་ཀྱི་གནད་དོན་ཚུད་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།