འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེད་མཁས་པས་སློབ་ཆེན་སློབ་ཐོན་སློབ་མ་ཚོར་ཁང་པ་གླ་དུས་གཟབ་གཟབ་བྱེད་
    དགོས་པ་བཞི་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ཟླ་བདུན་པའི་དུས་ནི་སློབ་ཆེན་གྱི་སློབ་མ་མང་པོ་ཞིག་སློབ་གྲྭ་ཐོན་ནས་སྤྱི་ཚོགས་སུ་བསྐྱོད་དེ་རང་ཉིད་ལ་སྡོད་གནས་ཤིག་འཚོལ་བའི་དུས་ཡིན་མོད། འོན་ཀྱང་སློབ་ཐོན་སློབ་མ་མང་པོ་ཞིག་ལ་སྡོད་གནས་ཏེ་ཁང་པ་སོགས་གླ་བའི་ཉམས་མྱོང་མེད་སྟབས། རྟག་ཏུ་ཁང་པ་གླ་བའི་ཐད་ཀྱི་རྩོད་གཞི་འབྱུང་བཞིན་ཡོད་པ་རེད། དེར་བརྟེན་ཁྲིམས་ལུགས་ལས་རིགས་ཀྱི་མི་སྣས་རྒྱ་ཆེའི་སློབ་ཐོན་སློབ་མ་ཚོར་ཁང་པ་གླ་བའི་དུས་སུ་གཟབ་གཟབ་བྱེད་དགོས་པའི་ཐད་གཤམ་གསལ་བཞིའི་ཁྲོད་གང་ཞིག་ལའང་ལྷོད་གཡེང་བྱེད་མི་རུང་བའི་དྲན་སྐུལ་གནང་བ་རེད། 
         དང་པོ། ཁང་པ་གླ་ཡུལ་ཉེ་འཁོར་གྱི་གནས་ཚུལ་རྒྱུས་ལོན་བྱེད་དགོས་པ། ཁང་པ་མ་གླས་གོང་ལ། རང་ཉིད་ཀྱི་མི་ལུས་དང་རྒྱུ་ནོར་ལ་བདེ་འཇགས་ཡོང་ཆེད། དང་ཐོག་ཁང་པ་གླ་བར་འདོད་པའི་ཡུལ་དེའི་ཉེ་འཁོར་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱེད་དགོས་པ་སྟེ། རང་ཉིད་དངོས་སུ་ཡུལ་དེར་ཕྱིན་ཏེ་གནས་ཚུལ་དངོས་རྒྱུས་ལོན་བྱེད་དགོས། དུས་མཚུངས་སུ་ཁང་ཁྱིམ་ཆགས་སྟངས་དང་། ཉི་འོད་འཕྲོ་ཚུལ། ཉེ་འཁོར་གྱི་འགྲུལ་ལམ་བདེ་མིན་སོགས་ལའང་་རྒྱུས་ལོན་གསལ་པོ་ཡོང་བར་བྱེད་དགོས།
         གཉིས་པ། ཁང་པའི་ནང་གི་སྒྲིག་བཀོད་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད་རེ་རེ་བཞིན་ཐོར་གསལ་པོར་འགོད་དགོས་པ། ལྷག་པར་དུ་ཁང་པའི་ནང་གི་ཁྱིམ་སྤྱོད་གློག་ཆས་དང་། རང་བྱུང་སོལ་རླངས་སྒྲིག་ཆས་སོགས་ལ་དགོས་ངེས་ཀྱི་བདེ་འཇགས་སྐོར་གྱི་ཞིབ་བཤེར་བྱས་ཏེ་མངོན་མེད་ཉེན་ཁ་གཙང་སེལ་བྱེད་དགོས། གཞན་ཡང་ཆུ་དང་། གློག གསང་སྤྱོད་ཁང་སོགས་ཀྱི་སྒྲིག་ཆས་ཀྱི་གནས་ཚུལ་ལའང་ཞིབ་བཤེར་ཞིབ་ཕྲ་བྱས་ན་ལེགས།
         གསུམ་པ། གླ་བའི་ཁང་པའི་བདག་དབང་ཡོད་མཁན་དངོས་སུ་ཡིན་པ་གསལ་པོར་ཤེས་པར་བྱེད་དགོས་པ། ཁང་གླ་གཏོང་ལེན་གྱི་གན་རྒྱ་མ་བཞག་གོང་ལ། ཁང་བདག་གི་ཐོབ་ཐང་གཙོ་བོ་སྟེ་ཁང་བདག་མི་སྒེར་གྱི་མངོན་གསལ་ཆ་འཕྲིན་དཔེར་ན་ལས་ཀ་བྱ་ཡུལ་དང་། ལས་རིགས་ཅི་ཞིག་ཡིན་པ། ཐོབ་ཐང་ལག་འཁྱེར་གྱི་འབྲེལ་ཡོད་ཆ་འཕྲིན་སོགས་གསལ་རྟོགས་བྱས་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་ཕན་སྲུང་སྐྱོང་དང་། མགོ་སྐོར་དུ་མི་ཐེབས་པར་སྔོན་འགོག་བྱེད་དགོས། གལ་སྲིད"ཁང་བདག་གཉིས་པ"ཡིན་ན་བསམ་བློ་གཟབ་ནན་བཏང་སྟེ་ཁང་བདག་གཉིས་པ་དང་ཁང་བདག་ངོ་མ་གཉིས་བར་དུ་བཞག་པའི་ཁང་གླ་གཏོང་ལེན་གྱི་གན་རྒྱ་ངེས་པར་དུ་ལྟ་ཞིབ་བྱེད་དགོས།
         བཞི་པ། ཁང་གླ་གཏོང་ལེན་གྱི་གན་རྒྱ་འཇོག་པ། གན་རྒྱ་འཇོག་དུས་གཟབ་ནན་ཆེན་པོ་བྱེད་དགོས་ཤིང་། གན་རྒྱའི་ཁྲིམས་མཐུན་ཡིན་པར་འགན་ལེན་ཏན་ཏིག་བྱེད་དགོསཔ་དང་། གན་རྒྱའི་ནང་དོན་ཁག་ཞིབ་ཕྲ་ཡིན་པའི་ཁང་གླ་གཏོང་ལེན་གྱི་གན་རྒྱ་འཇོག་དགོས་པ་སྟེ། དཔེར་ན་གླ་དངུལ་དང་། སྡེ་ལས་ཀྱི་གྲོན་དངུལ། ཆུ་གློག་དང་དྲོད་གཏོང་སོགས་ཀྱི་འགྲོ་གྲོན་གཏོང་སྤྲོད་བྱེད་ཐབས་དང་དངུལ་གྲངས་སོགས་གསལ་པོ་བྱེད་དགོས་ཤིང་། ཕྱོགས་གཉིས་ཀའི་འགན་འཁྲི་དང་། གན་རྒྱ་དང་འགལ་ཚེ་འཁུར་དགོས་པའི་ཁག་འགན་སོགས་གསལ་པོར་བཀོད་ནས་ཕྱོགས་གཉིས་ཀའི་དབང་ཆ་དང་འོས་འགན་ཁ་གསལ་ཡོང་བར་བྱས་ན་ལེགས།
         མཇུག་ཏུ་ཆེད་མཁས་པས་གན་རྒྱའི་ནང་དོན་ནི་རང་རྒྱལ་གྱི་གན་རྒྱའི་བཅའ་ཁྲིམས་ནང་འཁོད་འབྲེལ་ཡོད་གཏན་འབེབས་དཔྱད་གཞིར་བཟུང་ཆོག་པ་དང་། ནང་དོན་གཙོ་བོ་སྟེ་དོ་བདག་གི་མིང་དང་སྡོད་གནས་དང་། གླ་བྱའི་ཁང་པ་གནས་ས་དང་གཞི་ཁྱོན། གླ་དངུལ་སྟེ་གཏའ་དངུལ་དང་གླ་དངུལ་སྤྲོད་སྟངས་ཀྱང་ཚུད་པ། ཁང་པ་གླ་ཡུན། གན་རྒྱ་དང་འགལ་བའི་ཁག་འགན། རྩོད་གཞི་ཐག་གཅོད་བྱེད་ཐབས་སོགས་འདུས་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།