འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་པ་སྣམ་རྫོང་དུ་ཞིང་ལས་ལ་བྲེལ་བ་ཆེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་06ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་པ་སྣམ་རྫོང་དུ་ཞིང་ལས་ལ་བྲེལ་བ་ཆེ་བ།
         མི་དམངས་དྲ་བའི་འཕྲིན། མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི“འབྲུ་མཛོད”ཀྱི་གྲས་ཤིག་ཡིན་པའི་པ་སྣམ་རྫོང་དུ་ཞིང་བྲེལ་ཆེན་པོ་ཡོད། ས་གནས་དེ་གའི་ཞིང་པས་ཞིང་ནང་དུ་རྩྭ་ངན་འཐུ་བ་དང་། སྔོ་ཆུ་གཏོང་བ། རྫས་ལུད་རྒྱག་པ། ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ནས་བརྟན་པོའི་ངང་ཐོན་འཕར་ཡོང་རྒྱུར་རྨང་གཞི་ཡག་པོ་ཞིག་བཏིང་ཡོད།
         པ་སྣམ་རྫོང་དུ་གནམ་གཤིས་ཡག་ལ་རྫོང་ཁོངས་སུ་མྱང་ཆུ་གཙང་པོ་རྒྱུག་གི་ཡོད་པས་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་ཧ་ཅང་ཡག་པོ་ཡོད། འདི་ལོ་རྫོང་དེས་སྤུས་ལེགས་ནས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་སོན་བཟང་ཁྱབ་གདལ་བཏང་ནས་རིམ་པ་དང་པོའི་སོན་བཟང་ཞིང་ཁ་མུའུ་1080དང་རིམ་པ་གཉིས་པའི་སོན་བཟང་ཞིང་ཁ་མུའུ་7950བཏོད་ཡོད།
    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་པ་སྣམ་རྫོང་དུ་ཞིང་ལས་ལ་བྲེལ་བ་ཆེ་བ།
      

    ཕྱོགས་བསྡུས་གསར་འགྱུར།