འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཤིས་ཀྱི་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་མི་གྲངས་ཁྲི་38ལ་འདི་ལོ་ནས་
    བཟུང་ཤང་གྲོང་ལས་སྒྲུབ་ཁ་གསབ་ལེན་རྒྱུ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀོང་ཤིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་སྨྱན་སྦྱོར་ཚན་པར་ཆ་འཕྲིན་ཞིག་ཁྱབ་བསྒྲགས་བྱས་པ་སྟེ། ཉེ་ཆར་ཀོང་ཤིས་ཀྱིས་《ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་མི་སྣར་འདི་ལོ་ནས་བཟུང་ཤང་གྲོང་ལས་སྒྲུབ་ཁ་གསབ་སྤྲོད་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་ཞིང་། 2015ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཀོང་ཤིས་ཀྱི་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་མི་སྣར་ཟླ་བ་རེར་ཤང་གྲོང་ལས་སྒྲུབ་ཁ་གསབ་སྒོར་300ལེན་རྒྱུ་ཡོད་པ་དང་། ཀོང་ཤིས་ལྗོངས་ཡོངས་ཀྱི་ཤང་གྲོང་1425ཡི་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་མི་གྲངས་ཁྲི་38ལ་ཁ་གསབ་དེ་ཐོབ་རྒྱུ་ཡིན་ཞིང་། མིག་སྔར་ཀོང་ཤིས་ས་གནས་ཁག་གིས་དུས་ཚོད་དམ་འཛིན་གྱིས་ཁ་གསབ་སྤྲོད་པའི་ལས་དོན་དོན་འཁྱོལ་བྱེད་བཞིན་ཡོད་པ་རེད།
         ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་མི་སྣར་ཤང་གྲོང་ལས་སྒྲུབ་ཁ་གསབ་སྤྲོད་རྒྱུའི་སྲིད་ཇུས་དེ་ནི་རྒྱལ་ཁབ་དང་ཀོང་ཤིས་ཀྱིས་གཞི་རིམ་ལས་དོན་མི་སྣའི་ཐོབ་ཐང་ཡག་ཏུ་གཏོང་རྒྱུ་དང་། ཤང་གྲོང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཤེས་ལྡན་པ་གཞི་རིམ་དུ་མངགས་གཏོང་གི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་སྤེལ་བའི་བྱ་སྤྱོད་གལ་ཆེན་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཤིས་ཀྱི་ད་རེས་ཀྱི་ཁ་གསབ་སྤྲོད་ཁོངས་ནི་ཀོང་ཤིས་ཀྱི་ཤང་གྲོང་(སྲང་ལམ་ཚུད་མེད་)ལས་ཁུངས་དང་བྱ་གཞག་ཚན་པའི་དངོས་གཞིའི་མི་སྣ་དང་དེ་བཞིན་རྫོང་(རང་སྐྱོང་ལྗོངས་དང་གྲོང་ཁྱེར། རྫོང་རིམ་པ་ཚུད་པ་)ཡན་གྱི་ཏང་ཨུད་དང་སྲིད་གཞུང་ངམ་ཡང་ན་རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཙུགས་པ་ཡན(རང་སྐྱོང་ལྗོངས་དང་གྲོང་ཁྱེར་བཙུགས་པ་ཚུད་པ་)གྱི་ཐད་གཏོགས་སྡེ་ཚན་གྱི་ཆོག་མཆན་ཐོབ་པ་བརྒྱུད་བཅའ་སྡོད་བྱེད་པར་མངགས་པའི་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པར་ལས་ཀ་བྱས་ནས་ཟླ་བ་དྲུག་ཡན་སོང་བའི་དངོས་གཞིའི་ལས་དོན་མི་སྣ་རེད།
         ཀོང་ཤིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀོང་ཤིས་ཤང་གྲོང་ལས་སྒྲུབ་ཁ་གསབ་དེ་ཤང་གྲོང་དུ་ལས་ཀ་བྱེད་པར་སླེབས་པའི་ཉིན་ནས་བཟུང་སྤྲོད་རྒྱུ་དང་ཤང་གྲོང་གི་ལས་གནས་ནས་ལས་སྒྱུར་བྱས་པའམ་ཡང་ན་ལས་འཁྱུར་ངལ་གསོ་བརྒྱབ་པའི་མི་སྣར་ཆ་མཚོན་ན། ལས་སྒྱུར་བྱས་པའམ་ཡང་ན་ལས་འཁྱུར་ངལ་གསོ་བརྒྱབ་པའི་ཟླ་བ་རྗེས་མ་ནས་བཟུང་ཤང་གྲོང་ལས་སྒྲུབ་ཁ་གསབ་སྤྲོད་མཚམས་འཇོག་རྒྱུ་རེད། ཤང་གྲོང་ལས་སྒྲུབ་ཁ་གསབ་སྤྲོད་རྒྱུར་མཁོ་བའི་གྲོན་དངུལ་དག་གང་དེའི་སྲིད་འཛིན་ཁོངས་གཏོགས་འབྲེལ་བ་དང་ད་ལྟ་ལག་ལེན་བསྟར་བའི་གྲོན་དངུལ་འགན་ལེན་དང་གླ་ཕོགས་གཏོང་སྤྲོད་ཐབས་ལམ་གཞིར་བཟུང་ཐག་གཅོད་བྱ་རྒྱུ་རེད། ཀོང་ཤིས་ཀྱི་ཤང་གྲོང་ལས་སྒྲུབ་ཁ་གསབ་སྲིད་ཇུས་དེ་ལས་གཞི་རིམ་གྱི་ལས་དོན་མི་སྣའི་ཐོབ་ཐང་ཡག་ཏུ་འགྲོ་རྒྱུ་མ་ཟད། གཞི་རིམ་ལ་རྩ་བ་འཛུགས་པ་དང་། གཞི་རིམ་ལ་ཞབས་འདེགས་ཞུ་བ། གཞི་རིམ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གཞི་རིམ་ལས་དོན་པའི་ཧུར་སེམས་ཆེ་རུ་འགྲོ་རྒྱུ་རེད་ལ། ཀོང་ཤིས་ལྗོངས་ཡོངས་ཀྱི་ཤང་གྲོང་1425ཡི་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པ་(སྲང་ལམ་ཚུད་མེད་)ཡི་མི་གྲངས་ཁྲི་38ལ་ཕན་པ་ཐོབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།