འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ནང་བསྟན་ལས་རིགས་ཀྱིས་ནེ་པ་ལའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་
    རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ནེ་པ་ལའི་ཀྲུང་ཧྭ་དགོན་གྱིས་ཉིན་ཤས་བསྟུད་མར་ཡོམ་འཕྲོའི་ཉེན་ཁར་མ་འཛེམས་པར་ནེ་པ་ལའི་ས་ཡོམ་གྱི་གནོད་འཚེ་ཕོག་པའི་ས་ཁུལ་དུ་རོགས་སྐྱོབ་རུ་ཁག་ཐེངས་མང་བཏང་སྟེ། ནེ་པ་ལར་གནོད་འཚེ་ཕོག་པའི་བོད་རིགས་སྤུན་ཟླ་དང་ཡུལ་དེའི་མང་ཚོགས་ལ་སྨན་རྫས་དང་། བཟའ་བཅའ། གཏེར་ཆུ། གུར་སོགས་དངོས་རྫས་འབོར་ཆེན་རོགས་སྐྱོར་བྱས་པ་དང་། དེ་བཞིན་འོས་འགན་སྨན་བཅོས་ཞབས་ཞུ་བྱས་ཡོད། ཀྲུང་ཧྭ་དགོན་གྱིས་དུས་ཐོག་ཏུ་རྒྱབ་སྐྱོར་བྱས་པ་དང་བྱམས་སེམས་ཆེན་པོ་ལས་ཀྲུང་གོ་སྲིད་གཞུང་དང་། མི་དམངས། ཀྲུང་གོའི་ནང་བསྟན་མཐུན་ཚོགས་བཅས་ཀྱིས་ནེ་པ་ལའི་ས་ཡོམ་གེགས་ཁུལ་གྱི་མི་དམངས་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་གྱི་ཡོད་ཅེས་ནེ་པ་ལར་ཡོད་པའི་བོད་རིགས་སྤུན་ཟླ་དང་ཡུལ་དེའི་མང་ཚོགས་ཀྱིས་བཤད་བྱུང་།
         ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་ཚན་ཙན་མགོན་པོས་ངོ་སྤྲོད་བྱས་པ་གཞིར་བཟུང་། ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་དྲག་པོ་བརྒྱབ་རྗེས། ཀྲུང་ཧྭ་དགོན་གྱིས་ནང་བསྟན་གྱི་འགྲོ་དྲུག་བདེ་ལ་འཁོད་པ་དང་དགེ་ལས་ཧུར་ཐག་སྒྲུབ་པའི་ཆོས་ཀྱི་སྙིང་པོ་ལག་ལེན་བསྟར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཕྱོགས་གཅིག་ལ་དཀའ་ངལ་ཕྲད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་བ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་རྒྱལ་ནང་གི་ནང་བསྟན་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་འོག་ནེ་པ་ལའི་གནོད་འཚེ་ཕོག་པའི་ས་ཁུལ་དང་མང་ཚོགས་ལ་དངོས་རྫས་འབོར་ཆེན་རོགས་སྐྱོར་བྱས་པ་རེད།
         མིག་སྔའི་བར་ཀྲུང་ཧྭ་དགོན་གྱིས་མི་ཐེངས་200ཙམ་སྒྲིག་འཛུགས་བྱས་ཏེ་གེགས་ཁུལ་ལ་རོགས་སྐྱོབ་བྱེད་པའི་ནང་ཞུགས་པ་དང་། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བརྒྱུད། བོད་རིགས་སྤུན་ཟླ་ཚོར་གུར་46དང་ནེ་པ་ལའི་དངུལ་ལོར་སྒོར་ཁྲི་50ཙམ་རི་བའི་ལྕགས་ཤོག་100སྤྲད་པ་དེས་སྨི་ངོས་གྲུ་1700ཡོད་པའི་ལྕགས་ཤོག་ཁང་པ་བསྐྲུན་ཐུབ།
      

    ཕྱོགས་བསྡུས་གསར་འགྱུར།