འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མཆུ་རྐན་གཉིས་ཤོའི་བྱིས་པ་44ལ་རིན་མེད་སྨན་བཅོས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་མཆུ་རྐན་གཉིས་ཤོའི་བྱིས་པ་44ལ་རིན་མེད་སྨན་བཅོས་བྱས་པ།
         མི་དམངས་དྲ་བའི་འཕྲིན། “གཤགས་བཅོས་ཐོག་མ་བདེ་བླག་བྱུང་སོང”ཞེས་2015ལོའི་ཟླ་7ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་24སྟེང་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་གི་གཤགས་བཅོས་ཁང་ནས་གཏམ་བཟང་གྲགས་ཤིང་། ཉིན་དེར་ནག་ཆུ་དང་ལྷ་སའི་མཆུ་རྐན་གཉིས་ཤོའི་བྱིས་པ་19ཡིས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་བཅོས་རིགས་གཅིག་མཁས་པ་38ཀྱི་རིན་མེད་གཤགས་བཅོས་དང་ལེན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གསུམ་ནང་བོད་རང་སྐྱོང་ལྗོངས་ཀྱི་མཆུ་རྐན་གཉིས་ཤོའི་བྱིས་པ་44ལ་རིན་མེད་སྨན་བཅོས་བྱས་པ་རེད།
         2014ལོའི་ཚུན་དུ་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྨན་ཁང་གིས་ཀྲུང་གོའི“འཛུམ་དམུལ་བྱ་སྤྱོད”དེ་མཆུ་རྐན་གཉིས་ཤོའི་བྱིས་པའི་རིན་མེད་གཤགས་བཅོས་བྱ་སྤྱོད་ལ་གཤགས་བཅོས་བྱ་ཡུལ་དང་། སྨན་བཅོས་ནད་སྐྱོང་། གཤགས་བཅོས་རྗེས་ཀྱི་རྗེས་སྙེག་བཅས་ཀྱི་ཞབས་ཞུ་མཁོ་འདོན་ཐེངས་གཉིས་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཆུ་རྐན་མཛེས་བཟོའི་གཤགས་བཅོས་བྱེད་པར་མི་དམངས་ཤོག་སྒོར་ཁྲི་གཅིག་ནས་གཉིས་བར་དགོས་མོད། འོན་ཏེ་ཀྲུང་གོའི“འཛུམ་དམུལ་བྱ་སྤྱོད”དེས་གཤགས་བཅོས་བྱེད་པར་རིན་པ་དགོས་ཀྱི་མེད་པ་རེད། བྱ་སྤྱོད་དེ་ནི་དང་བླངས་ཞབས་ཞུ་ཁྱད་ཆོས་སུ་བྱས་པའི་མཆུ་རྐན་གཉིས་ཤོ་ཡིན་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་རིན་མེད་སྨན་བཅོས་བྱེད་པའི་དགེ་སྒྲུབ་བྱ་སྤྱོད་ཅིག་རེད།
    ༄༅།།བོད་ལྗོངས་ཀྱི་མཆུ་རྐན་གཉིས་ཤོའི་བྱིས་པ་44ལ་རིན་མེད་སྨན་བཅོས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།