འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཏའོ་རུ་རྐྱེན་ལམ་དུ་སོང་བའི་ཀྲུང་གོའི་བཟོ་པར་མཆོད་འབུལ་བྱེད་པའི་བྱེད་སྒོ་
    རི་པིན་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་ཕུའུ་ཏའོ་རྫོང་གིས་ཚེས་5ཉིན་གྱི་སྔ་དྲོ་ཀྲུའུ་མེའོ་ཏད་ཏིང་གི་ཀྲུང་གོའི་རྐྱེན་ལམ་དུ་ཤོར་བའི་མིའི་དྲན་གསོའི་རྡོ་རིང་མདུན་དུ་མཆོད་འབུལ་གྱི་བྱེད་སྒོ་སྤེལ་ཏེ་དེ་གར་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་བཟོ་པ་25ལ་མྱ་ངན་ཞུས་པ་རེད།
         གོང་ཚེས་ཉིན་གྱི་སྔ་དྲོ་མཆོད་འབུལ་གྱི་བྱེད་སྒོ་དེ་གཟབ་ནན་ཆེ་བའི་རྣམ་པའི་ཁྲོད་དུ་སྤེལ་བ་དང་རི་པིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཡུང་ཧྭ་དང་ཀྲུའུ་མེའོ་ཏད་ཏིང་གི་འགོ་ཁྲིད། ཕུའུ་ཏའོ་རི་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་འཐུས་མི་སོགས་མི་གྲངས་བཅུ་གྲངས་ཁ་ཤས་རྡོ་རིང་མདུན་དུ་ཕེབས་ཏེ་དེ་གར་རྐྱེན་ལམ་དུ་ཤོར་བའི་ཀྲུང་གོའི་བཟོ་པར་མྱ་ངན་ཞུས་པ་རེད།
         ཞི་བདེ་རྒྱ་མཚོ་ཆེན་པོའི་དམག་འཁྲུག་ལངས་རྗེས་ཀྲུང་གོའི་བཟོ་པ་ཁྲི་4ཙམ་རི་པིན་གྱི་ས་གནས་ཁག་ཏུ་འཁྲིད་དེ་དཀའ་ཚེགས་ཤིན་ཏུ་ཆེ་བའི་བྲན་དུ་བཀོལ་ཞིང་། དེབ་ནང་འཁོད་པར་གཞིགས་ན། ཀྲུང་གོའི་བཟོ་པ་6830བྲན་དུ་བཀོལ་རིང་རྐྱེན་ལམ་དུ་ཤོར་བ་དང་དེའི་ནང་མི་གྲངས་ཆིག་སྟོང་ཙམ་ཕུའུ་ཏའོ་རྫོང་གི་ཀྲའོ་ཚང་དང་ཀུང་ཤ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལས་ཡུལ་དུ་གདུག་རྩུབ་ཆེ་བའི་ཤུགས་ལས་བཀོལ་བ་དང་མི་གྲངས་25མནར་གཅོད་འོག་ཚེ་སྲོག་ཤོར་བ་རེད།
         1970ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ་ཕུའུ་ཏའོ་ཡིས་ཀྲུང་གོའི་རྐྱེན་ལམ་དུ་ཤོར་བའི་མིའི་དྲན་གསོའི་རྡོ་རིང་ཕུའུ་ཏའོ་རྫོང་དུ་བཙུགས་པ་དང་། དེ་རྗེས་ལོ་ལྟར་ཟླ་7ཚེས་7ཉིན་གྱི་སྔ་ནུབ་ཏུ་ཕུའུ་ཏའོ་རི་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱིས་དེ་གར་མཆོད་འབུལ་གྱི་བྱེད་སྒོ་སྤེལ་གྱི་ཡོད། 2006ལོའི་ལོ་འགོར་དྲན་གསོའི་རྡོ་རིང་དོ་དམ་དང་ཉར་ཚགས་ལ་ཤུགས་སྣོན་རྒྱག་ཆེད། ཕུའུ་ཏའོ་རྫོང་གིས་ཀྲུང་གོའི་རྐྱེན་ལམ་དུ་ཤོར་བའི་མིའི་དྲན་གསོའི་རྡོ་རིང་ཉར་ཚགས་ཚོགས་པ་བཙུགས་པ་རེད།
         ཕུའུ་ཏན་རྫོང་ཀྲུང་གོའི་རྐྱེན་ལམ་དུ་ཤོར་བའི་མིའི་དྲན་གསོའི་རྡོ་རིང་ཉར་ཚགས་ཚོགས་པའི་ཚོགས་གཙོ་ཧྲེང་ཀུའུ་ཤིན་ཧུང་གིས་དྲན་གསོའི་བྱེད་སྒོའི་ནང་དྲན་གསོའི་རྡོ་རིང་ཉར་ཚགས་ཚོགས་པ་བཙུགས་པའི་དམིགས་ཡུལ་ནི་ཕུའུ་ཏའོ་རྫོང་གི་ཀྲུང་གོའི་རྐྱེན་ལམ་དུ་ཤོར་བའི་མིའི་དྲན་གསོའི་རྡོ་རིང་ཉར་ཚགས་བྱས་ནས་རི་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་གྲོཊ་ཟབ་ཏུ་བཏང་སྟེ་རི་པིན་དང་། ཨེ་ཤེ་ཡ། འཛམ་གླིང་བཅས་ཀྱི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་ལེཊ་སྐྱེས་འབུལ་ཆེད་རེད། དྲན་གསོའི་རྡོ་རིང་དེ་རི་ཀྲུང་རྒྱལ་ཁབ་གཉིས་པོ་མཛའ་གྲོཊ་ཡོང་བ་དང་དམག་འཁྲུག་མི་ཡོང་བའི་མཚོན་རྟཊ་ཤིག་ཏུ་གྱུར་པ་དང་སྦྲཊ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།