འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཀེ་རི་སེ་ཡོ་སྒོར་ཁུལ་ནས་ཐོན་ན་དེས་ཡོ་རོབ་
    མནའ་འབྲེལ་གྱི་ཡིད་རྟོན་རུང་ཚད་དམའ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཇར་མན་གྱི《ཉིན་རེའི་མེ་ལོང་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲེ་ཐའེ་དབྱིན་མེར་གྱིས་ཀེ་རི་སེས་ཡོ་སྒོར་ཁུལ་ནས་ཐོན་ཚེ་ཡོ་རོབ་མནའ་འབྲེལ་གྱི་གཟུགས་བརྙན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ནས་ཡོ་རོབ་མནའ་འབྲེལ་གྱི་ཡིད་རྟོན་རུང་ཚད་དམའ་རུ་འགྲོ་ངེས་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
         ཧྲེ་ཐའེ་དབྱིན་མེར་གྱིས་དངུལ་རྩ་དང་དངུལ་ལོར་སྲིད་ཇུས་ཐད་ཡོ་རོབ་ཀྱིས་ད་ལྟའི་འཕེལ་རྒྱས་སྟངས་འཛིན་ཐུབ་ན་ཡང་། ཀེ་རི་སེ་ཡོ་སྒོར་ཁུལ་ནས་ཐོན་ཚེ་ཕྱིའི་རྒྱལ་ཁབ་ལ་བཏང་བའི་བརྡ་རྟགས་དེ་ཡང“གོད་ཆག་རང་བཞིན”ཞིག་རེད་ཅེས་བརྗོད་ཡོད་པ་རེད།
         ཧྲེ་ཐའེ་དབྱིན་མེར་གྱིས་གལ་ཏེ་ཀེ་རི་སེ་མཐར་ཡོ་སྒོར་ཁུལ་ནས་ཐོན་ཚེ་གནོད་འཚེ་ཕོག་ཤུགས་ཆེ་ཤོས་ནི་ཀེ་རི་སེའི་མི་དམངས་ཡིན་པ་དང་དུས་མཚུངས་ཡོ་རོབ་ཀྱི་ཡིད་རྟོན་རུང་ཚད་ལའང་ཕོག་ཐུག་ཆེན་པོ་ཡོང་རྒྱུ་རེད། དེས་མ་ཚད་འཛམ་གླིང་དེའི་ས་ཁུལ་གཞན་དག་ཁྲོད་ཀྱི་ཡོ་རོབ་ཀྱི་གཟུགས་བརྙན་དང་ཡིད་རྟོན་རུང་ཚད་དམའ་རུ་འགྲོ་རྒྱུ་རེད་ཅེས་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།