འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བསམ་ཡས་དགོན་དུ་མདོ་སྡེའི་མཆོད་པ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 08:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བསམ་ཡས་དགོན་དུ་མདོ་སྡེའི་མཆོད་པ་སྤེལ་བ།
         ཟླ་7ཚེས་2ཉིན་བོད་ལྗོངས་བསམ་ཡས་དགོན་དུ་ལོ་རེ་ཐེངས་རེའི་མདོ་སྡེའི་མཆོད་པ་སྤེལ་བ་དང་། འདི་ནི་བོད་ཟླ་5ཚེས་14ཉིན་ནས་འགོ་བརྩམས་ཏེ་ཉིན་ལྔའི་རིང་སྤེལ་ཞིང་། དུང་ཆེན་གྱི་སྒྲ་གྲགས་པ་དང་བསྟུན་ནས་ལྷ་འབེབས་མཁན་དང་། དགེ་སློང་། སྲིན་མོ། གོ་མཚོན་སྤྲས་པའི་སྲུང་དམག་བཅས་འཁྲབ་སྟོན་བྱེད་མཁན་དགེ་འདུན་ཚོས་གདོང་འབོག་དང་ཆོས་གོས་གྱོན་ཏེ་དགོན་པའི་སྒོ་ཆེན་ནས་ཐོན་ཏེ་ཐང་ཆེན་དུ་ཕེབས་རྗེས་མདོ་སྡེའི་མཆོད་པའི་འཆམ་འཁྲབ་སྟོན་བྱེད་འགོ་བརྩམས།
         མདོ་སྡེའི་མཆོད་པ་དེར་ལོ་1200ལྷག་གི་ལོ་རྒྱུས་ལྡན་ཞིང་། དུས་ད་ལྟའི་བར་དུ་འཛིན་སྐྱོང་སྤེལ་གསུམ་བཟང་པོ་བྱས་ཡོད། འཆམ་རྒྱག་པ་ནི་མདོ་སྡེའི་མཆོད་པའི་ཉིན་ཤས་རིང་མང་ཚོགས་ཀྱིས་ཆེས་ལྟ་འདོད་ཉན་སྤྲོའི་སྲོལ་རྒྱུན་བྱེད་སྒོ་ཞིག་ཡིན།
    【1】  【2】  【3】  【4】  【5】  【6】
    ༄༅།།བསམ་ཡས་དགོན་དུ་མདོ་སྡེའི་མཆོད་པ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།