འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་03ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན་ནི་བོད་རྩིས་ཀྱི་ཟླ་5ཚེས་14ཉིན་ཡིན་ཞིང་། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དུ་ཡོད་པའི་བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བ་རེད། ལོ་ལྟར་ཧོར་ཟླ་5ཚེས་14ཉིན་ནས་ཚེས་16ཉིན་བར་བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བཞིན་ཡོད་ལ། ད་ལྟའི་བར་ལོ་500ལྷག་གི་ལོ་རྒྱུས་ལྡན།
         ཉིན་དེར་བཤམས་པའི་འོད་དཔག་མེད་ཀྱི་གོས་སྐུ་ནི་ཞེང་ཚད་ལ་སྨི་25དང་མཐོ་ཚད་ལ་སྨི་35ཡོད་ཅིང་། གོས་སྐུ་དེ་ནི་དུས་རབས་གོང་མའི་ལོ་རབས་དགུ་ཅུ་པར་བཞེངས་པ་ཡིན། ཟླ་7ཚེས་2ཉིན་དང་ཚེས་3ཉིན་ལ་སྟོན་པ་ཤཱཀྱ་ཐུབ་པའི་གོས་སྐུ་དང་རྗེ་བཙུན་བྱམས་པ་མགོན་པའི་གོས་སྐུ་གཤོམ་རྒྱུ་རེད།
    【1】  【2】  【3】  【4】
    ༄༅།།བཀྲ་ཤིས་ལྷུན་པོ་དགོན་དུ་གོས་སྐུ་བཤམས་པའི་མཛད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།