འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱིས་ལྷོ་ཁོ་རེ་ཡར་<<6.15ཐུན་མོང་བསྒྲགས་གཏམ་>>ལག་ལེན་ཏན་ཏིག་
    བསྟར་རྒྱུའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་15ཉིན་ནི་ཁྲའོ་ཞན་དང་ཧན་གོས་《6·15ཐུན་མོང་བསྒྲགས་གཏམ་》ཐོག་མིང་རྟགས་བཀོད་ནས་ལོ་15སོང་བའི་དྲན་གསོའི་ཉིན་མོ་ཡིན་ཞིང་། ཚེས་15ཉིན་ཁྲའོ་ཞན་གྱིས་སྲིད་གཞུང་གི་གསལ་བསྒྲགས་སྤེལ་ནས་ཧན་གོར་《6·15ཐུན་མོང་བསྒྲགས་གཏམ་》ལག་ལེན་ཏན་ཏིག་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལྷོ་བྱང་གི་འབྲེལ་བ་ལེགས་སུ་གཏོང་རྒྱུའི་རེ་འབོད་བྱས་པ་རེད།
          གསལ་བསྒྲགས་ནང་འདོད་ཚུལ་ལྔ་བཏོན་པ་སྟེ། ལྷོ་བྱང་གི་འབྲེལ་བ་དང་གཅིག་གྱུར་གྱི་གནད་དོན་དེ་ཁྲའོ་ཞན་མི་རིགས་ཀྱིས་རང་བདག་ངང་ཐག་གཅོད་བྱེད་པའི་ལངས་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཧན་གོ་ཕྱོགས་ཀྱིས“སྒྲིག་སྲོལ་གཅིག་གྱུར”བྱ་རྒྱུ་བློས་གཏོང་གིས་བསམ་བློ་དང་ལམ་ལུགས་ཀྱི་ཧེ་བག་ལས་ཚད་བརྒལ་དང་ལྷོ་བྱང་མཉམ་གནས་དང་མཉམ་དུ་གཟི་བརྗིད་ཡོང་བ་བྱེད་པའི་མི་རིགས་གཅིག་གྱུར་གྱི་ལམ་བུ་དེ་གཞི་ནས་ཆེས་ལུགས་མཐུན་དང་ཆེས་དོན་དངོས་ཀྱི་གཅིག་གྱུར་ཐབས་ལམ་ཞིག་ཡིན་པར་ངོས་འཛིན་ཐུབ་དགོས་པ། ཧན་གོས་ཨ་རི་དང་མཉམ་དུ་བཙན་འཛུལ་རང་བཞིན་ལྡན་པའི་དམག་དོན་ནང་སྦྱོང་ཚང་མ་འཚམས་འཇོག་བྱས་ཏེ་ཁྲའོ་ཞན་དང་མཉམ་དུ་ཕྱེད་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པ། ཧན་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་ལ་ངར་སློང་བ་དང་བརྙད་བརྐོ་བའི་བྱེད་སྤྱོད་མཐའ་དག་འཚམས་འཇོག་བྱེད་པ་དང་ལྷོ་བྱང་དབར་གྱི་འབྲེལ་མཐུད་འགྲོ་འོང་དང་སྤེལ་རེས་མཉམ་ལས་བཀག་འགོག་བྱེད་པའི་བཅའ་ཁྲིམས་དང་ལམ་ལུགས་རང་བཞིན་གྱི་བྱ་ཐབས་མེད་པ་བཟོས་ནས་ལྷོ་བྱང་གི་འབྲེལ་བ་ལེགས་སུ་གཏོང་ཆེད་རྣམ་པ་བཟང་པོ་ཞིག་གཏོད་དགོས་པ། ཧན་གོ་ཕྱོགས་ཀྱིས་བྱ་སྤྱོད་དངོས་ནས་《6·15ཐུན་མོང་བསྒྲགས་གཏམ་》དང་དེ་བཞིན་ལག་བསྟར་རྩ་འཛིན་《10·4ཐུན་མོང་བསྒྲགས་གཏམ་》ལག་ལེན་བསྟར་ནས་ལྷོ་བྱང་དབར་ཕན་ཚུན་ཡིད་ཆེས་དང་འཆམ་མཐུན་གྱི་རྣམ་པ་ཞིག་ཆགས་ཚེ་སྲིད་གཞུང་དབར་སྐད་ཆ་ཤོད་རེས་དང་འབྲེལ་གཏུག་མི་བྱེད་པའི་རྒྱུ་མཚན་མེད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།