འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།དར་རྒྱས་བསྟན་འཛིན་གྱི་གློག་བརྙན་<<དར་སྐུད་དམར་པོ>>ཞེས་པ་ཕབ་སྐྲུན་
    ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་17ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན།
    འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན།
         མི་དམངས་དྲ་བའི་འཕྲིན། གཏམ་རྒྱུད་གློག་བརྙན་<<དར་སྐུད་དམར་པོ་>>ཞེས་པ་དེ་2015ལོའི་ཟླ་2པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་བ་དང་། གློག་བརྙན་འདི་ནི་དམིགས་གསལ་གྱི་ཁོར་ཡུག་ཅིག་ནས་ཕབ་སྐྲུན་བྱས་ཏེ་དམིགས་གསལ་གྱི་བརྗོད་བྱ་ཞིག་བརྗོད་གཞི་བྱས་པའི་གློག་བརྙན་ཞིག་རེད།
         དར་རྒྱས་བསྟན་འཛིན་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་མི་ཡིན་ལ། སྔ་གཞུག་ཏུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་དང་ཀྲུང་གོའི་བརྙན་གཏོང་སློབ་ཆེན། པེ་ཅིང་གློག་བརྙན་སློབ་གླིང་སོགས་སུ་འགྲིམ་ནས་བོད་ཀྱི་སྐད་བརྡ་དང་རྩོམ་རིག འཁྲབ་ཁྲིད་དང་འཁྲབ་གཞུང་སྒྲིག་སྦྱོར་གྱི་སྐོར་ལ་སློབ་སྦྱོང་བྱས། མིག་སྔར་གློག་བརྙན་གྱི་འཁྲབ་ཁྲིད་དང་སྒྲིག་སྦྱོར་གྱི་ལས་ཀ་གཉེར་བཞིན་ཡོད། གཏམ་རྒྱུད་གློག་བརྙན་<<སྒྲོལ་མའི་སྐྱེས་པ>>དང་། <<ལོ་ཟླའི་བར་མཚམས>>   <<ཨ་མའི་ཟུར་བརྟེན་དགའ་རོགས>>ཞེས་པ་བཅས་དང་། ཀྲུང་གོའི་ལོང་བའི་དངོས་བཤུས་གློག་བརྙན་<<རླུང་གི་ཁ་མདོག>>དང་། <<དཔའ་རྟུལ>>  <<མི་ཚེའི་ལོག་མལ>>སོགས་ནང་གི་འཁྲབ་སྟོན་པ་བྱས་མྱོང་།  གཞན་པདྨ་ཚེ་བརྟན་གྱི་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་པ་<<ཐར་ལོ་>>ཞེས་པའི་ནང་དུ་ཡང་འཁྲབ་ཁྲིད་པ་གཞོན་པའི་འགན་འཁུར་མྱོང་། <<དར་སྐུད་དམར་པོ་>>ཞེས་པ་འདི་ནི་དར་རྒྱས་བསྟན་འཛིན་ཁོ་རང་གིས་རྩོམ་སྒྲིག་དང་འཁྲབ་ཁྲིད་ཀྱི་འགན་འཁུར་བའི་གཏམ་རྒྱུད་གློག་བརྙན་ཞིག་རེད།
    འཁྲབ་སྟོན་ཡུལ་དངོས།
    འཁྲབ་སྟོན་ཡུལ་དངོས།
    ༄༅།།དར་རྒྱས་བསྟན་འཛིན་གྱི་གློག་བརྙན་<<དར་སྐུད་དམར་པོ>>ཞེས་པ་ཕབ་སྐྲུན་
ལེགས་འགྲུབ་བྱུང་བ།
    ༄༅།།དར་རྒྱས་བསྟན་འཛིན་གྱི་གློག་བརྙན་<<དར་སྐུད་དམར་པོ>>ཞེས་པ་ཕབ་སྐྲུན་
ལེགས་འགྲུབ་བྱུང་བ།
    ༄༅།།དར་རྒྱས་བསྟན་འཛིན་གྱི་གློག་བརྙན་<<དར་སྐུད་དམར་པོ>>ཞེས་པ་ཕབ་སྐྲུན་
ལེགས་འགྲུབ་བྱུང་བ།
    ༄༅།།དར་རྒྱས་བསྟན་འཛིན་གྱི་གློག་བརྙན་<<དར་སྐུད་དམར་པོ>>ཞེས་པ་ཕབ་སྐྲུན་
ལེགས་འགྲུབ་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།