འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་འདུས་ལགས་ཉིང་ཁྲི་གྲོང་ཁྱེར་གྱི་འགོ་འཛིན་ཨང་དང་པོའི་འགན་བཞེས་
    མཁན་དུ་བདམས་ཐོན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    དབང་འདུས་ལགས་ཀྱིས་གསུང་བཤད་གནང་བ།
    དབང་འདུས་ལགས་ཀྱིས་གསུང་བཤད་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་15ཉིན་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས། གྲོས་ཚོགས་ཐོག་ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དང་པོའི་འགོ་ཁྲིད་ཚན་པ་བདམས་ཐོན་བྱུང་ཞིང་། ཁྱོན་བསྡོམས་ཁོངས་མི་12ཡོད་པ་དང་། དབང་འདུས་ལགས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགོ་འཛིན་ཨང་དང་པོའི་འགན་བཞེས་མཁན་དུ་བདམས་ཐོན་བྱུང་བ་རེད།
         གྲོས་ཚོགས་གྲོལ་རྗེས་ཀྱི་སྨྱན་སྦྱོར་གསར་འགོད་པའི་ཚོགས་འདུའི་ཐོག་དབང་འདུས་ལགས་ཀྱིས་གསུང་བཤད་གནང་སྟེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་22ཀྱིས་ཡིད་ཆེས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིད་ཆེས་དང་མངགས་བཅོལ་ལྕི་ཞིང་གལ་འགངས་ཆེ་བ་ཕྲག་ཏུ་ཁུར་བས་ང་ཚོར་འགན་འཁྲི་ཧ་ཅང་གལ་ཆེ་ལ་ལས་འགན་གཟི་བརྗིད་ལྡན་པའི་ཚོར་སྣང་ཟབ་མོ་སྐྱེ་བཞིན་ཡོད། ང་ཚོས་ཉིང་ཁྲི་གྲོང་ཁྱེར་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་གཏན་འབེབས་གནང་བའི“སྣེ་ཁྲིད་དེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱེད་པའི་དཔེ་སྟོན་མི་སྣ་བརྩོན་ལེན་ཆེན་པོ་བྱེད་དགོས”པའི་བརྗིད་ཉམས་ཆེ་བའི་དམིགས་ཡུལ་ལ་གཞིགས་ཏེ་གོ་སྐབས་དམ་འཛིན་ཤུགས་ཆེན་དང་། རང་འགུལ་ངང་བྱས་རྗེས་འཇོག་གང་ཐུབ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་དམངས་དང་མཉམ་དུ་མཛེས་ཤིང་ངོ་མཚར་ཆེ་བའི“ཀྲུང་གོའི་ཕུགས་འདུན་གྱི་ཉིང་ཁྲིའི་ལེ་ཚན”རྩོམ་གྱི་ཡིན་ཞེས་གསུངས་པ་རེད།
    ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དང་པོའི་འགོ་ཁྲིད་ཚན་པ།
    ཉིང་ཁྲི་གྲོང་ཁྱེར་གྱི་སྐབས་དང་པོའི་འགོ་ཁྲིད་ཚན་པ།
      

    ཕྱོགས་བསྡུས་གསར་འགྱུར།