འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་བཟང་རིག་ལྡན་ཐོན་རྫས་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 08:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བློ་བཟང་རིག་ལྡན་ཐོན་རྫས་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་བསྟན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་གྱི་ཆུ་ཚོད་10སྟེང་2015ལོའི་ཀྲུང་གོའི་མཚོ་སྔོན་གྱི་འབྱུང་འཕྲོད་འཕེལ་རྒྱས་དངུལ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྟོན་ཚོགས་ལྟེ་གནས་སུ་འཚོག་འགོ་བརྩམས་པ་རེད། སྐབས་འདིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འདིས་མངོན་མིན་རིག་གནས་ཤུལ་བཞག་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་སྒྱུ་རྩལ། ཡུལ་སྐོར་ཐོན་རྫས་སོགས་ངོམ་སྟོན་བྱས་ཏེ་མཚོ་སྔོན་གྱི"རྒྱུད་གཅིག་ལམ་གཅིག"གི་སྤྱི་ཚོགས་རིག་གནས་སྣ་ཚོགས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་ངོམ་སྟོན་བྱས། དེའི་ཁྲོད་དུ་བློ་བཟང་གྲངས་འཛིན་ཚན་རྩལ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་བོད་རྒྱ་དབྱིན་གསུམ་ཤན་སྦྱར་གློག་རྡུལ་ཚིག་མཛོད་དང་། བོད་རྒྱ་དབྱིན་གསུམ་རིག་ལྡན་ལག་འཁྱེར་ཁ་པར། བོད་རྒྱ་དབྱིན་གསུམ་སྨྱན་སྦྱོར་སྣ་མང་སློབ་སྦྱོང་འཕྲུལ་འཁོར། བོད་རྒྱ་དབྱིན་གསུམ་གྱི་མཐེབ་གཞོང་དང་ཙིག་མཐེབ། ཉི་ནུས་ཀྱིས་ལག་ཁྱེར་ཁ་པར་ལ་གློག་སྣོན་འཕྲུལ་ཆས་བཅས་ཀྱང་ངོམ་སྟོན་བྱས་ཡོད་པ་རེད།
    ༄༅།།བློ་བཟང་རིག་ལྡན་ཐོན་རྫས་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་བསྟན་པ།
    ༄༅།།བློ་བཟང་རིག་ལྡན་ཐོན་རྫས་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་བསྟན་པ།
      

    ཕྱོགས་བསྡུས་གསར་འགྱུར།