འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མཚོ་ནུབ་ཀྱི་གྲགས་ཅན་སྤུས་རྟགས་འཛམ་བུ་གླིང་ལ་ཁྱབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་མཚོ་ནུབ་ཀྲོའུ་བཟོ་ཚོང་ཅུས་ཀྱིས་སྤུས་རྟགས་ཀྱི་ཚོང་རྟགས་ཝུའུ་ཧན་དུ་ཁྱབ་པ་དང་། སྤུས་རྟགས་འདྲེ་ཚེར་མ་བརྙན་འཕྲིན་ནང་ཁྱབ་པ། སྤུས་རྟགས་ཀྱི་འདུ་ཤེས་ཁེ་ལས་སུ་ཁྱབ་པ་བཅས“ཁྱབ་པ”གསུམ་ལ་བརྟེན་ནས་ཚོང་རྟགས་ཀྱི་རིན་ཐང་མཐོ་རུ་བཏང་བ་དང་། སྤུས་རྟགས་གོང་འཕེལ་ལ་སྐུལ་མ་བཏང་ནས་མཚོ་ནུབ་ཀྱི་ཚོང་རྟགས་ཀུན་ཁྱབ་དང་། ཚོང་རྟགས་གྲགས་ཅན་བཅས་ཀྱི་མཚན་སྙན་དང་ཤུགས་རྐྱེན་སྔར་བས་ཆེ་རུ་བཏང་སྟེ་ཀྲོའུ་དེ་ཡོངས་ཀྱི་དཔལ་འབྱོར་མྱུར་ལ་ལེགས་པའི་སྒོ་ནས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།
          ཁེ་ལས་ཀྱི་སྐད་གྲགས་ཚོད་ཚད་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་བཏང་ནས་མཚོ་ནུབ་ཀྱི་སྤུས་རྟགས་ཁྱད་ཆོས་སྒོ་ཀུན་ནས་འདོན་སྤེལ་བྱེད་པ་དང་། ཀྲོའུ་དེ་ཡོངས་ཀྱི་ཁེ་ལས་དང་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་མ་གཏོང་ཆེད། ཅུས་དེས་ཀྲོའུ་དེ་ཡོངས་ཀྱི་ཁེ་ལས་5468(ཚོང་རྟགས་1473)ནང་ནས་ཁེ་ལས་32(ཚོང་རྟགས་24)ལེགས་འདེམས་བྱས་ནས་འདྲེ་ཚེར་མ་དང་། ཚགས་ཤ། ལུག་ཤ་སོགས་རིགས་བཅུའི་ཚོང་ཟོག་སྣ་ཁ་140ལྷག་འཁྱེར་ནས་ཝུའུ་ཧན་སྤུས་རྟགས་ཚོང་ཟོག་གི་འོས་སྦྱོར་ངོ་སྤྲོད་ཚོགས་འདུར་ཞུགས་ཤིང་། འགྲེམས་ཞུགས་ཁེ་ལས་ཉིད་སྤུས་རྟགས་དྲིལ་བསྒྲགས་རུ་ཁག་དང་ཁྱད་ལྡན་སྤུས་རྟགས་ཀྱི་གཞི་རྟེན་དུ་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཚོང་པར་མཚོ་ནུབ་ཀྱི་སྤུས་རྟགས་གྲགས་ཅན་དྲིལ་བསྒྲགས་དང་སྤུས་རྟགས་ཀྱི་ཁྱད་ཆོས་མངོན་པས་སྤུས་རྟགས་ཚོང་ཟོག་གི་སྙན་གྲགས་དང་བསྔགས་བརྗོད་བྱེད་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།