འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་ཆེན་པོའི་
    ཁྲོད་ཀྱི་རྫ་ཡུལ་གྱི་ཤིང་ཕོར།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་ཆེན་པོའི་
ཁྲོད་ཀྱི་རྫ་ཡུལ་གྱི་ཤིང་ཕོར།
         ཟླ་6ཚེས་12ཉིན་ནས་ཚེས་18ཉིན་བར་སྐབས་གཉིས་པའི་བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུག་བཞག་གི་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་ཆེན་པོ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་ནས་བོད་ལྗོངས་ཀྱིས་2005ལོ་ནས་བཟུང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་སྤེལ་བར་ཐོབ་པའི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
         རྫ་ཡུལ་གྱི་ཤིང་ཕོར་ལ་རིགས་སྣ་ཚོགས་ཡོད་ཅིང་། དེའི་ནང་རྩམ་ཕོར་དང་། ཇ་ཕོར། ལྟོ་ཕོར་ལ་སོགས་དང་། བཟོ་དབྱིབས་དང་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད་ལ། ཤིང་ཕོར་བཟོ་བའི་རྒྱུ་ཆ་གཙོ་བོ་ནི་ཤིང་སྟག་པ་སོགས་ཤིང་ཆ་མཁྲེགས་ཤིང་སྤུས་ལེགས་ཀྱི་རིགས་བྱེད་བཞིན་ཡོད། དེ་དག་གི་ནང་དུ་ཤིང་རིགས་རྫབ་ལས་བཟོས་པའི་ཤིང་ཕོར་རྩ་ཆེ་ཞིང་ཧ་ཅང་དཀོན་པོ་ཡིན་ལ། བོད་རིགས་མང་ཚོགས་ཀྱིས་ཀྱང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁྱིམ་ཚང་མང་པོས་རྫབ་ཕོར་མཛེས་སྤུད་རྒྱན་ཆ་དང་བསྡུ་ཉར་དངོས་རྫས་སུ་བརྩིས་ཏེ་གཅེས་ཉར་བྱེད་ཀྱི་ཡོད་པ་དང་། རྫབ་ཕོར་ནི་འབུལ་རྟེན་དུ་ཉེ་དུ་མཛའ་གྲོགས་ལའང་འབུལ་གྱི་ཡོད། ཁྲེང་ཝེ་གོ་ཡིས་པར་བརྒྱབ།
    【1】  【2】  【3】  【4】  【5】
    ༄༅།།མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་གྲུབ་འབྲས་འགྲེམས་སྟོན་ཆེན་པོའི་
ཁྲོད་ཀྱི་རྫ་ཡུལ་གྱི་ཤིང་ཕོར།
      

    ཕྱོགས་བསྡུས་གསར་འགྱུར།