འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཀླུ་ཆུ་རྫོང་གི་2015ལོའི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་
    འཁོར་གྱི་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་ཀླུ་ཆུ་རྫོང་ཤུལ་ལུང་བཀྲ་ཤིས་ཐང་ཆེན་དུ་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། རྫོང་མི་དམངས་འཐུས་ཚོགས་དང་། རྫོང་ཨུད་དྲིལ་བསྒྲགས་པུའུ། རྫོང་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། རྫོང་བཟོ་ཚོང་ཅུས་སོགས་སྡེ་ཚན་13གྱི་འབྲེལ་ཡོད་འགན་འཁུར་བ་དང་ལས་དོན་མི་སྣ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོའི་སྐོར་གྱི་ཀན་ལྷོ་ཀྲོའུ་བཟའ་བཅའི་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གི་སྤྱི་ཡོངས་བཀོད་སྒྲིག་གཞིར་བཟུང་ཀླུ་ཆུ་རྫོང་བཟའ་བཅའི་བདེ་འཇགས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཀླུ་ཆུ་རྫོང་གིས་ཟླ་6ཚེས་16ཉིན་ནས་ཟླ་7ཚེས་2ཉིན་བར་ཉིན་16རིང“ཀུན་སྤྱོད་ལེགས་ལ་བཅའ་ཁྲིམས་སྲུང་། བཟའ་བཅའི་བདེ་འཇགས་ཁྲིམས་ལུགས་ཅན་གྱི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ”ཞེས་པ་བརྗོད་བྱ་གཙོ་བོར་བྱེད་པའི་2015ལོའི་ཞིང་ཆེན་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
          བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་འཕྲེད་འགེལ་སྦྱར་ཡིག་བཀལ་བ་དང་སྡེ་ཚན་ཁག་གིས་བཙུགས་པའི་དྲིལ་བསྒྲགས་བློ་འདྲིའི་ལས་སྟེགས་ཐོག་གི་ལས་དོན་མི་སྣས་འགྲོ་འོང་བྱེད་མཁན་ལས་བྱེད་མང་ཚོགས་ལ་བཟའ་བཅའི་བདེ་འཇགས་ཤེས་བྱ་སྒྲོག་འགྲེལ་བྱེད་པ་དང་རྒྱ་བོད་ཡིག་རིགས་གཉིས་ཀྱི་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་དང་ཁུག་མ་སོགས་སྤྲད་དེ་ཚང་མའི་བཟའ་བཅའི་བདེ་འཇགས་ལས་དོན་གྱི་ངོས་འཛིན་མཐོ་རུ་བཏང་བ་རེད། ཉིན་དེར་རྫོང་དེའི་བཟའ་བཏུང་ལས་རིགས་ཀྱི“གཙང་སྦྲ་དོད་པའི་ཟ་ཁང”ཞེས་པའི་ཉམས་མྱོང་སྤེལ་རེས་ལྟ་སྦྱོང་དང་། “བཟའ་བཅའི་བདེ་འཇགས་དང་སྤྱི་དམངས་ཀྱི་བདེ་ཐང”ཞེས་པའི་ཤེས་བྱ་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གྲྭ་དང་། ཞིང་འབྲོག་པའི་གྲོང་ཚོ། སྡེ་ཁུལ། སྒོ་རྩིས་ཚོང་ཁང་། ཟ་ཁང་བཅས“ས་ཆ་ལྔ་རུ་སྤེལ་བའི”བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་བ་རེད། རྫོང་དེའི་དྲིལ་བསྒྲགས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྡེ་ཚན་གྱིས་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཐབས་ལམ་མང་པོ་དང་རིམ་པ་མང་བའི་སྒོ་ནས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་གནས་ཚུལ་སྤེལ་ཏེ་རྫོང་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་རིམ་གསུམ་མཉམ་སྒུལ་ཐུབ་པ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།