འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་མཚོ་སྔོན་པོ་སྐོར་ནས་ས་མཐོར་ནུས་པ་འགྲན་པའི་
    འགྲན་བསྡུར་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་18ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་གྱི་སྔ་དྲོ། མཚོ་སྔོན་པོ་སྐོར་བའི་(རྒྱལ་སྤྱི)གློག་སྒུལ་རླངས་འཁོར་གྱི་འགྲན་སློང་འགྲན་བསྡུར་སྐབས་གཉིས་པ་དེ་མཚོ་སྔོན་ཟི་ལིང་ནས་ཐོན་པ་དང་སྐབས་འདིའི་འགྲན་སློང་འགྲན་བསྡུར་དེས“ནུས་རྒྱུ་གསར་པ་དང་། ལག་རྩལ་གསར་པ། ཐོན་ལས་གསར་པ”བཅས་བརྗོད་བྱ་གཙོ་བོར་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གློག་སྒུལ་རླངས་འཁོར་གྱི་མཚོ་སྔོན་པོ་སྐོར་བའི་འགྲན་སློང་འགྲན་བསྡུར་ནང་པེ་ཅིང་རླངས་འཁོར་ནུས་རྒྱུ་གསར་པ་དང་། ཁྲང་ཨན། ཤར་རླུང་ཆི་ཁྲེན་བཅས་དང་དེ་བཞིན་པི་ཡ་ཏི་ཏའེ་མུའུ་ལེ་བཅས་ཀྲུང་གོའི་རླངས་འཁོར་ཁེ་ལས་4ཞུགས་པ་དང་། དེ་དག་གིས་རང་སོ་སོའི་ཁོངས་གཏོགས་ནས་ཐོན་སྐྱེད་བྱས་པ་དང་རྦད་དེ་གློག་སྒུལ་ཡིན་པའི་རང་བདག་སྤུས་རྟགས་རླངས་འཁོར་རིགས་5འགྲན་བསྡུར་ནང་ཞུགས་པ་རེད།
         ཚེས་16ཉིན་གྱི་སྔ་དྲོར་འགྲན་སློང་འགྲན་བསྡུར་གྱི་རླངས་འཁོར་རུ་ཁག་ཟི་ལིང་ནས་རྡོག་ཐོན་བྱས་པ་དང་ཚེས་18ཉིན་གྱི་དགོང་མོ་ཟི་ལིང་དུ་ཕྱིར་ལོག་ནས་དུས་ཡུན་ཉིན་གསུམ་ནང་ལམ་ཐག་ཡོངས་ལ་སྤྱི་ལེ་981.4དང་ཁྱོན་འགྲན་བསྡུར་དུམ་བུ་12ཡོད་ཅིང་། འགྲན་བསྡུར་ཁྲོད་གློག་སྒུལ་རླངས་འཁོར་གྱི་མྱུར་ཚད་དང་། ནུས་རྒྱུ་བསྲི་ཚགས། སྒྲ་མེད་ནུས་པ་བཅས་དང་དེ་བཞིན་མགྱོགས་མྱུར་གློག་གསོག་པ་སོགས་ཐད་ནས་གློག་སྒུལ་རླངས་འཁོར་གྱི་ནུས་པ་མང་པོའི་འགག་རྩའི་དམིགས་ཚད་ལ་ཚད་འཇལ་བྱེད་པ་དང་འགྲན་ཞུགས་འཁོར་དབྱིབས་ལ་དཔྱད་བསྡུར་བྱ་རྒྱུ་རེད།
         འགྲན་བསྡུར་གྱི་དུམ་བུ་ཚང་མ་ས་མཐོའི་རི་ཞིང་དུ་གནས་པ་དང་མཐོ་གྲང་གསོ་རླུང་དཀོན་པ་དང་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པོ་ཡོད། འགྲན་བསྡུར་དུམ་བུ་12ཁྲོད་ནས་དུམ་བུ་4ཡི་རིང་ཚད་སྤྱི་ལེ་100ལྷག་ཙམ་ཡོད་ཅིང་། དེ་མིན་ས་མཐོའི་ས་ཁུལ་གྱི་འགྱུར་ལྡོག་མང་བའི་གནམ་གཤིས་ལས་འགྲན་ཞུགས་འཁོར་རིགས་དང་ཁ་ལོ་བར་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་སྲིད་པ་དེ་དག་ཚང་མས་འགྲན་ཞུགས་འཁོར་རིགས་ཀྱི་ནུས་པ་དང་ལག་རྩལ་ཐད་ཀྱི་བློས་འགེལ་ཆོག་ཚད་དང་དེ་བཞིན་ཁ་ལོ་བའི་བྱང་ཚད་ཐད་ཚོད་བགམ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།