འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྔ་པ་རྫོང་གིས་ནགས་བཟོའི་ལས་དོན་ཁྱོན་ཡོངས་ནས་སྤེལ་ཏེ་བྱེ་འགོག་བྱེ་བཅོས་ལས་
    གྲྭ་ས་བརྟན་དུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་13ཉིན། 11:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྔ་པ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བྱེ་འགོག་བྱེ་བཅོས་ལས་གྲྭའི་གྲུབ་འབྲས་ས་བརྟན་དུ་གཏོང་ཆེད། ཉེ་ཆར་རྔ་པ་རྫོང་གིས་འདི་ལོའི“རང་བྱུང་ནགས་ཚལ་སྲུང་སྐྱོང”ལས་གྲྭ་དང་རྨོ་བསྐྱུར་ནགས་གསོ། བྱེ་འགོག་བྱེ་བཅོས། སྔོ་ཁེབས་སླར་གསོ། ཤང་གྲོང་སྔོ་འགྱུར་སོགས་ཀྱི་ཤིང་འཛུགས་ནགས་གསོའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྨོ་བསྐྱུར་ནགས་གསོའི་སྣོན་འདེབས་ལས་གྲྭ་རྫོང་དེའི་ཤང་17དང་འབྲེལ་བ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་མུའུ་20651.6ཟིན་གྱི་ཡོད། མིག་སྔའི་བར་བྱེ་འགོག་བྱེ་བཅོས་ལས་གྲྭས་ཤིང་སྣ་ཁྲི་27ལ་ཆུ་དྲངས་བ་དང་རྩྭ་སོན་སྤྱི་རྒྱ་6060གཏོར་འདེབས་བྱས་པས་ལས་གྲྭའི་འཆར་གཞིའི་ཚད་གཞི་80%ལེགས་གྲུབ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།