འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གོང་དཀར་རྫོང་ཁོངས་སུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་11རྐྱེན་
    ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་10ཉིན། 17:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་གོང་དཀར་རྫོང་ཁོངས་སུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་11རྐྱེན་
ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་10ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་དེའི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་14སྟེང་ཡུལ་སྐོར་ཀུང་སིའི་འགྲུལ་སྐྱེལ་རླངས་འཁོར་ཞིག་བོད་ལྗོངས་གོང་དཀར་རྫོང་ཁོངས་སུ་གཡང་སར་ལྷུངས་པའི་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་མི་11རྐྱེན་ལམ་དུ་ཤོར་བ་དང་། མི་8 ད་དུང་ཤུགས་གང་ཡོད་ཀྱིས་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། དོན་རྐྱེན་བྱུང་ཡུལ་ནི་ཞིང་ཆེན་རིམ་པའི་གཞུང་ལམ་307 པའི་བརྒྱུད་ཀྱི་23kmནས་300mབར་དུ་ཡིན་ཞིང་། འགྲུལ་སྐྱེལ་རླངས་འཁོར་དེ་ནི་ལྷ་སའི་གནས་མཆོག་ཡུལ་སྐོར་རླངས་འཁོར་ཀུང་སིའི་ཡིན་པ་དང་། རླངས་འཁོར་གྱི་ཨང་རྟགས་ནི་AL0240རེད། དོན་རྐྱེན་བྱུང་དུས་རླངས་འཁོར་ནང་ཁ་ལོ་བ་ཡང་བརྩིས་ན་མི་19ཡོད་པ་དང་། མིག་སྔར་མི་11རྐྱེན་ལམ་དུ་ཤོར་ཞིང་། མི་8ད་དུང་ཤུགས་གང་ཡོད་ཀྱིས་མྱུར་སྐྱོབ་བྱེད་བཞིན་ཡོད། ད་སྐབས་ས་གནས་དེ་གའི་འགྲིམ་འགྲུལ་རྒྱུན་ལྡན་ལྟར་འཁོར་རིགས་ཤར་གཏོང་བྱེད་ཐུབ་པར་གྱུར་ཡོད། པར་རིས་ནི་ཀྲུང་གོའི་བོད་ལྗོངས་དྲ་བ་ནས་བླངས།
    ༄༅།།བོད་ལྗོངས་གོང་དཀར་རྫོང་ཁོངས་སུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་11རྐྱེན་
ལམ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།