འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་གུང་ཁྲན་ཏང་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་
    དང་པོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་13ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་6ཚེས་10ཉིན་གྱི་སྔ་དྲོ་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་ལོ་29བརྒྱུད་ཟིན་པའི་ཉིང་ཁྲི་ས་ཁུལ་དེ་ཉིད་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་གྲལ་སྟར་ནང་སླེབས་ཡོད། ཉིང་ཁྲི་གྲོང་ཁྱེར་གྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བའི་ཏང་གི་འཐུས་མི་ཚོ་ཉིང་ཁྲིའི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་སུ་མཉམ་འཛོམས་བྱས་ཏེ་ཀྲུང་གུང་ཉིང་ཁྲི་གྲོང་ཁྱེར་གྱི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་དེ་རྒྱལ་ཁའི་ངང་འཚོགས་པའི་དཔང་པོ་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོ་གུང་ཁྲན་ཏང་ཉིང་ཁྲི་ས་ཁུལ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་གུང་ཁྲན་ཏང་ཉིང་ཁྲི་ས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ཏེ་སྐབས་དང་པོའི་ཉིང་ཁྲི་གྲོང་ཨུད་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་འདེམས་བསྐོ་བྱས་ནས་ཐོན་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།