འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་དུ་དུག་འགོག་སློབ་གསོའི་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་12ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མཚོ་སྔོན་ཞིང་ཆེན་དུ་དུག་འགོག་སློབ་གསོའི་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལོ་ཆུང་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་དེ་2014ལོའི་ཟླ་6པར་ཟི་ལིང་གྲོང་ཁྱེར་ཧུའེ་རིགས་སློབ་འབྲིང་དུ་བཙུགས་པ་རེད། མཚོ་སྔོན་ཞིང་ཆེན་དུག་འགོག་གཞུང་ལས་ཁང་དང་། ཞིང་ཆེན་སྤྱི་བདེ་ཐིང་། ཞིང་ཆེན་སློབ་གསོ་ཐིང་གསུམ་གྱིས་མཉམ་དུ་བཙུགས་པའི་ཞིང་ཆེན་ཡོངས་སུ་ན་གཞོན་ལོ་ཆུང་སློབ་གསོ་ཐེབས་མཁན་གཙོ་བོ་ཡིན་པའི་རྒྱལ་ཁབ་རིམ་པའི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་འབའ་ཞིག་དེར་དུག་འགོག་སློབ་གསོ་འགྲེམས་སྟོན་དང་སྨྱན་སྦྱོར་སྣ་མང་གི་དྲིལ་བསྒྲགས་སློབ་གསོ་གཞི་གཅིག་ཏུ་གྲུབ་པ་དང་། ཡི་གེ་དང་པར་རིས་ཐོག་ནས་གསལ་བཤད་བྱེད་པ། དུག་རྫས་དངོས་འགྲེམས་སྟོན་བྱེད་པ་བཅས་ལ་བརྟེན་ནས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་རྣམས་ལ་དུག་རྫས་ཀྱི་གནོད་འཚེའི་རང་བཞིན་ཤེས་རྟོགས་གང་ལེགས་བྱེད་དུ་འཇུག་གི་ཡོད་པ་རེད། པར་རིས་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ མཐོ་རིམ་མི་རིགས་སློབ་འབྲིང་དང་པོའི་སློབ་མ་ཚོ་ན་གཞོན་ལོ་ཆུང་དུག་རྫས་སྔོན་འགོག་རྟེན་གཞིར་བསྐྱོད་དེ་དུག་འགོག་དྲིལ་བསྒྲགས་སློབ་གསོ་དང་ལེན་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
    ༄༅།།མཚོ་སྔོན་ཞིང་ཆེན་དུ་དུག་འགོག་སློབ་གསོའི་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ།
    ༄༅།།མཚོ་སྔོན་ཞིང་ཆེན་དུ་དུག་འགོག་སློབ་གསོའི་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ།
    ༄༅།།མཚོ་སྔོན་ཞིང་ཆེན་དུ་དུག་འགོག་སློབ་གསོའི་དྲིལ་བསྒྲགས་སློབ་གྲྭར་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།